ཌན་མརྐ་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གོམ་བགྲོད་སྐབས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་བྱས་འདུག

2022.10.31
ཌན་མརྐ་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གོམ་བགྲོད་སྐབས་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་བྱས་འདུག ཌན་མརྐ་ཡི་རྒྱལ་སར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གོམ་བགྲོད་ཀྱི་ལས་འགུལ་སྐབས། ༡༠།༣༠།༢༠༢༢
SFT Denmark

ཌན་མརྐ་(Denmark)་ནས་བོད་རང་དབང་སློག་ཕྲུག་ཚོགས་པའི་ཚོགས་གཙོ་(Tine Steffensen)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ད་རེས་སྤྱི་ཟླ་༡༠པའི་ཚེས་༣༠སྟེ་གཟའ་ཉི་མའི་ཉིན། ཌན་མརྐ་ནང་ཡོད་པའི་མི་མང་གིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཁོར་ཡུག་ཐད་ཌན་མརྐ་ནང་ཕྱི་ཟླ་༡༡ཚེས་༡ཉིན་འོས་བསྡུའི་ལས་རིམ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་ཚོགས་ཆེན་ ༢༧པ་ཚོགས་རྒྱུར་ཉིན་ཤས་ལས་མེད་པའི་དུས་སུ། གོ་ལའི་ལས་འགུལ་ཚོགས་པ་སོགས་གནམ་གཤིས་སྐོར་གྱི་ཚོགས་པ་ཁག་གིས་(People's Climate March)་ལས་འགུལ་སྤེལ་ཡོད་པ་དེའི་ནང་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་སྐོར་ལའང་དོ་སྣང་ཡོང་ཆེད་གནས་ཚུལ་དྲིལ་བསྒྲགས་བྱས་ཡོད་པ་གསུངས་འདུག
ད་རེས་གནམ་གཤིས་དང་འབྲེལ་བའི་གོམ་བགྲོད་ལས་འགུལ་དེ་ནི་ཌན་མརྐ་ཡི་རྒྱལ་ས་(Copenhenhagen)་གྱི་གྲོས་ཚོགས་ཀྱི་ཚོགས་ཁང་(Christiansborg Castle)་ཟེར་བའི་མདུན་དུ་བྱས་བ་དང་མཉམ། གཅིག་མཚུངས་ཌན་མརྐ་ཡི་གྲོང་ཁྱེར་མང་པོའི་ནང་དུ་བྱས་ཡོད་པ་དང་། ད་རེས་ཀྱི་སྤྱི་ལེ་གསུམ་ཙམ་གྱི་གོམ་བགྲོད་ཀྱི་ལས་འགུལ་དེའི་ནང་བོད་རང་དབང་ལས་འགུལ་ཚོགས་པ་དང་། ཌན་མརྐ་བོད་དོན་རྒྱབ་སྐྱོར་ཚོགས་པ། ཌན་མརྐ་བོད་མིའི་རིག་གཞུང་ཚོགས་པ་བཅས་མཉམ་ཞུགས་གནང་ཡོད་འདུག


གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎