བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་འདས་གྲོངས་སུ་གྱུར་འདུག

2025.05.01
བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་འདས་གྲོངས་སུ་གྱུར་འདུག བཀའ་ཟུར་བཀྲིས་དབང་འདུས།
Wikipedia

བོད་མིའི་སྒྲིག་འཛུགས་སུ་ལས་གནས་འདྲ་མིན་ཐོག་ཁྱོན་མི་ལོ་ ༤༠ ལྷག་རིང་སྲི་ཞུ་བསྒྲུབས་ཤིང་། ལྷག་པར་དཔལ་འབྱོར་ལས་ཁུངས་ཕུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཡོངས་རྫོགས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་བའི་གཞུང་ཞབས་དང་བཀའ་བློན་ཟུར་པ་བཀྲ་ཤིས་དབང་འདུས་ལགས་ཁེ་ན་ཊ་རུ་སྐུ་གཟུགས་བདེ་མིན་གྱིས་འདས་གྲོངས་སུ་གྱུར་འདུག

སྔ་ལོ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༠༧ ཉིན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དངོས་སུ་ཆེད་ཕེབས་ཐོག་ཁོང་གི་རང་རྣམ། ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་དུ་སྲི་ཞུ་བསྒྲུབས། ཞེས་པ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་དབུ་འབྱེད་གནང་ཡོད།

ཟླ་ ༥ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་རྒྱ་རི་སྒྲོལ་མ་ལགས་ཀྱིས། ཉེ་ལམ་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་དང་སྦྲགས། དམ་པ་མཆོག་གི་ཁ་ཆེམས་ནང་སྲི་ཞུ་བ་རྣམས་ལས་མཚམས་བཞག་ནས་མཆོད་འབུལ་སྨོན་ལམ་གནང་མི་དགོས་པ་གསུངས་ཡོད་ལྟར་དེ་ལྟར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།བཀའ་ཟུར་བཀྲིས་དབང་འདུས་ལགས་ནི་བོད་ས་ཤོར་བའི་རྗེས་ཨ་རུ་ན་ཅལ་བརྒྱུད་ནང་མི་ལྷན་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ཤིང་། སྐབས་དེར་མི་ས་མ་རི་ནས་ཁོང་ཉིད་འདེམས་གྲུག་གིས་བཙན་བྱོལ་ནང་གི་སློབ་གྲྭ་ཐོག་མ་མ་སུ་རི་བུ་ཁྱིམ་གྱི་སློབ་མ་དང་པོའི་གྲས་ཡིན་པ་དང་། དེ་རུ་གཞི་རིམ་སློབ་གྲྭ་ཟིན་རྗེས་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་དབྱིན་ཡུལ་དུ་མཐོ་རིམ་སློབ་སྦྱོང་ཆེད་དུ་ཕེབས་ཏེ་ཕྱིས་སུ་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་སུ་སྲི་ཞུ་བསྒྲུབས། དེ་ཡང་ཕྱི་ལོ་ ༡༩༦༧ ལོར་བོད་གཞུང་ནང་སྲིད་ལས་ཁུངས་སུ་སྡེ་འགན་ཐོག་འཛུལ་བཞུགས་ཀྱིས་མི་ལོ་ ༤༠ ལྷག་ཙམ་སྲི་ཞུ་བསྒྲུབས་ཤིང་། ལྷག་པར་མི་ལོ་ ༡༧ རིང་དཔལ་འབྱོར་ལས་ཁུངས་ཕུད་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཡོངས་ཀྱི་བཀའ་བློན་གྱི་ཐུགས་འགན་བཞེས་མྱོང་ཡོད་པ་མ་ཟད། ལོ་ ༡༡ རིང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་སོགས་ཀྱིས་བོད་བསྟན་པ་ཆབ་སྲིད་སྤྱི་དང་། ལྷག་པར་བོད་དོན་ཞུ་གཏུག་དྲིལ་བསྒྲགས་སླད་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎