དམིགས་བསལ་ཚོགས་ཆེན་རིང་གསར་འགོད་པ་ཕེབས་ཆོག་སྐོར།
བཙན་བྱོལ་བོད་གཞུང་གི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོའི་སྐབས་ཕྱི་ནང་གསར་འགོད་པ་ཕེབས་འཐུས་ཆོག།
-
2008-10-02 -
-
-
༄༅༎འདི་ལོའི་ཕྱི་ཟླ་བཅིུག་པའི་ནང་བསྐོང་ཚོགས་གནང་རྒྱུའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོའི་སྐབས་ཕྱི་ནང་གསར་འགོད་པ་ཕེབས་འཐུས་ཆོག་པའི་གསལ་བསྒྲགས་བཙན་བྱོལ་གཞུང་གི་དྲིལ་བསྒྲགས་ལྷན་ཁང་གིས་གནང་བཞག
དེ་ཡང་ཕྱི་དྲིལ་ལྷན་ཁང་གིས་བཀའ་འཁྲོལ་ཞུས་པ་བཞིན་ བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་དམིགས་བསལ་ཚོགས་ཆེན་ཐོག་གསར་འགོད་པ་ཕེབས་འཐུས་ཆོག་པའི་བཀའ་འཁྲོལ་གནང་བ་ཞིག་ཡིན་འདུག འདི་ཚད་བཙན་བྱོལ་བོད་གཞུང་དྲ་གནས་ལས་ཁང་གིས་གསལ་བསྒྲགས་གནང་བར་གཞིགས་ན་ དམིགས་བསལ་ལྷན་ཚོགས་གནང་སྐབས་གསར་འགོད་པར་བཞུགས་གནས་ཟུར་དུ་གོ་སྒྲིག་ཞུ་རྒྱུ་ཡིན་པ་དང་ ལྷན་ཚོགས་ཐོག་ཕེབས་འདོད་ཡོད་པའི་གསར་འགོད་པ་རྣམས་ཀྱིས་ཕྱི་ཟླ་བཅིུག་པའི་ཚེས་བཅུ་དྲུག་རེས་གཟའ་ཉི་མའི་ཚོུད་གསུམ་པ་ཐོག་མིང་ཐོ་དེབ་བསྐྱེལ་ཞུ་དགོས་ཡོད་འདུག དེབ་བསྐྱེལ་ཞུས་པའི་གསར་འགོད་པ་རྣམས་ལ་ཕྱི་དྲིལ་ལྷན་ཁང་གི་གསར་འགོད་འགན་འཛིན་བློ་བཟང་ཆོས་གྲགས་ལགས་ཀྱིས་དེ་ཉིན་ལག་འཁྱེར་གནང་རྒྱུ་ཡིན་འདུག