བལ་ཡུལ་དུ་དམག་འཁྲུག་ནང་གར་སོང་མེད་པའི་མི་འཚོལ་ཐབས།

བལ་ཡུལ་གྱི་འདས་པའི་དམག་འཁྲུག་ནང་གར་སོང་ཆར་མེད་དུ་གྱུར་བའི་མི་སྣ་ཁག་གཞུང་ཕྱོགས་ནས་འཚོལ་ཐབས་བྱེད་རྒྱུའི་ཁས་ལེན་གནང་བ།

2009.04.03

༄༅༎བལ་ཡུལ་གྱི་འདས་པའི་དམག་འཁྲུག་ནང་གར་སོང་ཆར་མེད་དུ་གྱུར་བའི་མི་སྣ་ཁག་གཞུང་ཕྱོགས་ནས་འཚོལ་ཐབས་བྱེད་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

བལ་ཡུལ་ནང་མའོ་གྱེན་ལོག་ཤོག་ཁག་དང་བལ་ཡུལ་གཞུང་རྙིང་པའི་དབར་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་ནང་གི་དམག་འཁྲུག་གི་དོན་རྐྱེན་ནང་མི་གྲངས་ཆིག་ཁྲི་གསུམ་སྟོང་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད་དོན་རྐྱེན་དེའི་ནང་མི་སྣ་མང་པོར་མནར་གཅོད་དང་བེུད་ལ་ལོག་གཡེམ་བྱས་པ་དེ་ག་ནང་བཞིན་མི་སྣ་མང་དག་ཅིག་གར་སོང་ཆར་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་གོང་ཞུས་དོན་རྐྱེན་ནང་དོ་ཕོག་བྱུང་བའི་ནང་མི་ཚོས་དེ་རིང་རེས་གཟའ་ལྷག་པའི་ཉིན་བརྗོད་འདུག བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་མགྲིན་ཚབ་པ་སྐུ་ཞབས་མེ་མེན་ཊ་ར་ལྦལ་ཡིས་གསུང་ན་དེ་སྔ་བལ་ཡུལ་ནང་དམག་འཁྲུག་གི་དོན་རྐྱེན་འོག་གར་སོང་ཆར་མེད་དུ་གྱུར་བའི་མི་སྣ་གྲངས་༤༣༤ཡོད་པ་རྣམས་བལ་ཡུལ་གཞུང་གིས་རེས་གཟའ་ཕུར་བུའི་ཉིན་རྩད་གཅོད་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་ཅེས་དང་གོང་ཞུས་དམག་འཁྲུག་ནང་གར་སོང་ཆར་མེད་དུ་གྱུར་བའི་མི་སྣ་ཁག་ས་གནས་གཞུང་གིས་རྩད་གཅོད་བྱེད་རྒྱུའི་འགན་ཁྲིད་བྱེད་ཐུབ་ཀྱི་མེད་པ་དང་དེ་ཡང་བལ་ཡུལ་གཞུང་གིས་འགན་ལེན་གནང་ནས་རྩད་གཅོད་བྱས་སྟེ་ཁོང་ཚོའི་གནས་སྟངས་སོགས་རིམ་བཞིན་ནང་མིར་ངོ་སྤྲོད་བྱེད་དགོས་ཀྱི་རེད་ཅེས་བལ་ཡུལ་གཞུང་གིས་ཆེས་མཐོའི་ཁྲིམས་ཁང་ནས་བཀའ་རྒྱ་བཏང་ཡོད་ལུགས་རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་ཁང་དུ་གསལ་སྟོན་གནང་བཞག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎