བྱང་ཀོ་རི་ཡའི་འགོ་ཁྲིད་རྒྱ་ནག་ཏུ་ཕེབས་ཡོད་པ།
བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་ཕྱི་ཚེས་༢༡ཉིན་རྒྱ་ནག་གི་ཇིའི་ལིང་ཞིང་ཆེན་གྲང་ཁྲུན་གྲོང་ཁྱེར་ནང་སླེབས་ཡོད་པ་རེད།
-
2011-05-21 -
-
-
༄༅༎བྱང་ཀུ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་ཕྱི་ཚེས་ ༢༡ ཉིན། རྒྱ་ནག་གི་ཇིའི་ལིང་ཞིང་ཆེན་གྲང་ཁྲུན་གྲོང་ཁྱེར་ནང་སླེབས་ནས། རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་ཡོད་འདུག
ལྷོ་ཀུ་རི་ཡའི་ཚགས་ཤོག་གིས་གྲང་ཁྲུན་གྲོང་ཁྱེར་ནང་གི་འབྲེལ་ཡོད་མི་སྣའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་། བྱང་ཀུ་རི་ཡའི་དཔོན་རིགས་ཀིམ་ཇོང་ཨིལ་སྡོད་སའི་རི་ལི་དེ་བཞིན་གཟའ་པ་སངས་ཀྱི་སྔ་དྲོའི་ཚོུད་༨དང་ཕྱེད་ཁ་ཙམ་གྱི་ཐོག་གྲང་ཁྲུན་རི་ལིའི་བབས་ཚུགས་སུ་འབྱོར་ཡོད་པ་དང་། ཉི་ཧོང་གི་བརྙན་འཕྲིན་བརྒྱུད་ལམ་གྱིས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་བའི་ནང་། ཀིམ་ཇོང་ཨིལ་རྒྱ་ནག་ཇིའི་ལིང་ཞིང་ཆེན་གྱི་མུའུ་ཏན་ཅང་གྲོང་ཁྱེར་ནང་ཡོད་པའི་འགྲོན་ཁང་ཞིག་ཏུ་གནས་སྡོད་བྱས་པའི་སྐོར་བཏོན་ཡོད་པ་རེད། ད་རེས་བྱང་ཀུ་རི་ཡའ་འགོ་ཁྲིད་ཀིམ་ཇོང་ཨིལ་གྱི་ཕྱག་རོགས་སུ་ཁོང་གི་དབང་ཆ་རྩིས་སྤྲོད་བྱ་ཡུལ་བུ་ཆུང་ཤོས་ཀིམ་ཇོང་ཨིལ་ཡོད་པའི་སྐོར་གནས་ཚུལ་ཁག་ཅིག་ནང་ཐོན་ཡོད་ཀྱང་། ད་ལྟའི་ཆར་གནས་ཚུལ་དེ་བདེན་པ་ཡིན་མིན་ཁ་གསལ་མེད་པ་རེད། ཡིན་ནའང་བྱང་ཀུ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨིལ་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་དུ་སླེབས་ཡོད་པའི་སྐོར་བྱང་ཀུ་རི་ཡའི་གཞུང་འབྲེལ་རྒྱུད་ལམ་གྱིས་གནས་ཚུལ་གང་ཡང་སྤེལ་མེད་པ་དང་། རྒྱ་ནག་ཕྱི་སྲིད་ལས་ཁང་གིས་ཀྱང་དེའི་སྐོར་ཤེས་རྟོགས་གང་ཡང་མེད་ལུགས་བརྗོད་ཡོད་པ་རེད།
ཨའེ་ཕིའི་གསར་འགྱུར་རྒྱུད་ལམ་ལ་མུའུ་ཏན་ཅང་ས་གནས་མི་མང་གིས། ས་གནས་དེའི་ནང་བདེ་འཇགས་སྲུང་སྐྱོབ་ཀྱི་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག འདས་པའི་གནས་ཚུལ་གྱི་ཐོག་ནས། རྒྱ་ནག་གཞུང་གིས་བྱང་ཀུ་རི་ཡའི་འགོ་ཁྲིད་རྒྱ་ནག་ནང་གི་གཟིགས་སྐོར་གྲུབ་པའི་རྗེས། གཞི་ནས་ཕྱི་ལ་གནས་ཚུལ་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་རེད།