རྒྱ་ནག་ནང་འབར་འགས་རྗེས་དཔོན་རིགས་གནས་དབྱུངས།

རྒྱ་ནག་ཤར་ཕྱོགས་གཞུང་གི་ལས་ཁུངས་མདུན་འབར་རྫས་གཏོར་རྒོལ་བྱུང་རྗེས་དཔོན་རིགས་གནས་དབྱུངས་བཏང་བ།

༄༅༎ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ཤར་ཕྱོགས་ཞིང་ཆེན་གྱི་གཞུང་གི་ལས་ཁུངས་མདུན་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་བྱུང་བའི་རྗེས། ཞིང་ཆེན་དེའི་འབྲེལ་ཡོད་རྒྱ་མིའི་དཔོན་རིགས་གཉིས་ལས་གནས་ནས་གནས་དབྱུངས་བཏང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༢༦ ཉིན་རྒྱ་ནག་གི་ཤར་ཕྱོགས་ཅིའང་ཤི་(Jiangxi)ཞིང་ཆེན་གྱི་ཕུ་ཀྲུའུ་(Fuzhou)གྲོང་ཁྱེར་གྱི་གཞུང་གི་ལས་ཁུངས་ཁག་གསུམ་ཐོག་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་བྱུང་བར་བརྟེན། དེ་རིང་རེས་གཟའ་ཉི་མའི་ཉིན་ཕུ་ཀྲུའུ་གྲོང་ཁྱེར་ལས་ཁུངས་ཀྱི་མགྲིན་ཚབ་པས། ཅིའང་ཤི་ཞིང་ཆེན་གྱི་ཕུ་ཀྲུའུ་གྲོང་ཁྱེར་གྱི་དཔོན་རིགས་གཉིས་ལས་གནས་ནས་གནས་དབྱུངས་བཏང་བའི་སྐོར་བཤད་ཡོད་ཅིང༌། དེ་ཡང་ཕུ་ཆིང་ཟེར་བ་ནི། ཅིའང་ཤི་ཞིང་ཆེན་གྱི་ལིན་ཁྲོན་ས་གནས་དམར་ཤོག་ཚོགས་པའི་དྲུང་ཆེ་དང༌། ཤི་ཏོང་སེན་ནི་ལིན་ཁྲོན་ས་གནས་འགོ་ཁྲིད་གཉིས་རེས་གཟའ་སྤེན་པའི་ཉིན་གནས་དབྱུངས་བཏང་ཡོད་པ་རེད།

ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༢༦་རྒྱ་ནག་གི་ཤར་ཕྱོགས་ཅིའང་ཤི་ཞིང་ཆེན་གྱི་ཕུ་ཀྲུའུ་གྲོང་ཁྱེར་ལས་ཁུངས་གསུམ་ཐོག་འབར་རྫས་ཀྱི་གཏོར་རྒོལ་གཏོང་མཁན་ནི། ལིན་ཁྲོན་ནང་གནས་སྡོད་བྱེད་མཁན་ལོ་༥༢ ཡིན་པའི་ཆིའན་མིང་ཆི་ཟེར་བ་ལས་མེད་དུ་གྱུར་བའི་མི་ཞིག་ཡིན་པ་དང༌། ཁོ་རང་ཡང་དོན་རྐྱེན་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་ཁར་ད་དུང་ཡང་མི་གསུམ་རྐྱེན་འདས་སུ་ཕྱིན་པའི་ནང༌། སྒོ་སྲུང་བ་གཉིས་དང༌། ས་གནས་ཆུའི་ལས་ཁུངས་ཀྱི་ལས་མི་གཅིག་བཅས་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org