ཕི་ལི་ཕིནསི་ཡིས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད།

རྒྱ་ནག་ལ་གླིང་ཕྲན་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིངས་ཀྱི་གནས་བབས་ལ་ཉམས་ཆགས་གཏོང་བའི་ལས་འགུལ་ཞིག་ཡིན་པའི་སྐྱོན་འཛུགས།

༄༅༎གཟའ་སྤེན་པའི་ཉིན་ ཕྷི་ལི་པིནསི་གཞུང་གིསརྒྱ་ནག་གི་ངོས་ནས་ ཨེ་ཤི་ཡའི་ཡུལ་གྲུ་འགའ་ཤས་དབར་ མཚོ་གླིང་གི་བདག་དབང་ཐད་རྩོད་གཞི་ཡོད་པའི་རྒྱ་མཚོའི་ཁུལ་དུ་དམག་གྲུ་བཏང་སྟེ་འཇིགས་སྣང་སྐུལ་བའི་ལས་འགུལ་སྤེལ་བཞིན་པ་སོགས་བྱེད་པ་དེ་ནིགླིང་ཕྲན་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིངས་ཀྱི་གནས་བབས་ལ་ཉམས་ཆགས་གཏོང་བའི་ལས་འགུལ་ཞིག་ཡིན་པའི་སྐྱོན་འཛུགས་བྱས་འདུག

འདི་ལོ་ཕྱི་ཟླ་གཉིས་པ་ནས་ལྔ་པའི་བར་གྱི་དུས་ཡུན་དེའི་རིང་རྒྱ་ནག་གི་དམག་གྲུས་ ཕྷི་ལི་པིནསི་ཡི་ཉ་པའི་གྲུ་རྫིང་གྱི་ཕྱོགས་སུ་མེ་འཕེན་བྱས་པ་དེ་ནིཁྲིམས་མཐུན་གྱི་ཐོག་ནས་ཕྷི་ལི་པིནསི་ཡི་ཉ་བཟུང་གི་ལས་འགུལ་སྤེལ་བཞིན་པར་འཇིགས་སྣང་སྐུལ་བའི་བྱ་ཐབས་ཤིག་ཡིན་པར་མ་ཟདམངའ་ཁུལ་གྱི་ཞི་བདེ་བརྟན་ལྷིངས་ཀྱི་གནས་བབས་ཉམས་ཆགས་གཏོང་བའི་བྱ་སྤྱོད་ཞིག་ཀྱང་ཡིན་པ་ཕྷི་ལི་པིནིས་གཞུང་གི་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་བཀོད་ཡོད་པ་རེད།

ད་དུང་བསྒྲགས་གཏམ་དེའི་ནང། རྒྱ་ནག་གཞུང་གིས་ཕྷི་ལི་པིནསི་ཡི་བདག་ཏུ་བཟུང་བའི་ཆུ་མཚམས་ཀྱི་སྤེལ་བའི་བྱ་སྤྱོད་དེ་ནིཕྷི་ལི་པིནསི་མངའ་དབང་ལ་རྩིས་སྲུང་མི་བྱེད་པའི་ལས་འགུལ་ཚབས་ཆེ་ཞིག་ཡིན་པ་བརྗོད་ཡོད་པ་རེད།  བསྒྲགས་གཏམ་དེ་ཕྷི་ལི་པིནསི་གྱི་ཕྱི་སྲིད་ལས་ཁུངས་ནས་སྤེལ་བ་ཞིག་ཡིན་ཞིང༌། འོན་ཀྱང་ཕྷི་ལི་པིནསི་གྱི་རྒྱལ་ས་མ་ནི་ལར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ རྒྱ་ནག་གི་དམག་གྲུ་ཕྷི་ལི་པིནསི་གྱི་ཆུ་མཚམས་བརྒལ་ཏེ་འཛུལ་ཡོད་པར་ངོས་ལེན་བྱས་མེད་པའི་ཁརད་དུང་རྩོད་གཞི་ཡོད་པའི་མཚོ་གླིང་དེ་དག་གི་བདག་དབང་རྒྱ་ནག་ལ་ཡོད་པའི་ལངས་ཕྱོགས་གསལ་བཤད་བྱས་ཡོད་པ་རེད།

ལྷོ་རྒྱ་ནག་གི་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་ཁག་གཅིག་གི་བདག་དབང་ཐདསྦུརུ་ནེ་དང་རྒྱ་ནག མ་ལེ་ཤི་ཡཕྷི་ལི་པིནསི་དང་ཐེ་ཝན་བཅས་ཀྱི་དབར་རྩོད་གླེང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org