༸གོང་ས་མཆོག་ནས་དཔལ་འབར་ལ་གུས་བརྩི་གནང་བ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རྣམས་ཀྱིས་ཨོ་ལིམ་པིཀ་ཡི་དཔལ་འབར་ལ་གུས་བརྩི་བྱ་དགོས་པ་བཀའ་གནང་འདུག

༄༅༎༸གོང་ས་མཆོག་ནས་རིང་མིན་བོད་ནང་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་འགོག་རྐྱེན་བཟོ་རྒྱུ་མེད་ལུགས་བཀའ་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་འཇར་མན་ཁུལ་མཛད་འཕྲིན་ཁག་ལེགས་པར་གྲུབ་གནང་བའི་རྗེས་དབྱིན་ཡུལ་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་དང༌། ཁུལ་དེའི་ནང་ཉིན་གྲངས་བཅུའི་རིང་བཞུགས་བཞག་གནང་རྒྱུ་ཡིན་འདུག མཛད་འཆར་ཁོངས་སུ་གཙོ་

དབྱིན་ཇིའི་རྒྱལ་སྲས་མཆོག་དང༌། སྲིད་བློན་མཆོག གཞན་ཡང་གྲོས་ཚོགས་ཀྱི་འཐུས་མི། ཆོས་དཔོན་ཁག་ཅིག་བཅས་མཇལ་འཕྲད་གནང་རྒྱུའི་མཛད་

འཆར་ཡོད་པ་རེད། དེ་རིང་ལོན་ཌོན་གཙུག་ལག་སློབ་གཉེར་ཁང་ནས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཞིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད།

ད་རིང་གསར་འགོད་པས་རིང་མིན་རྒྱ་ནག་ནང་ཨོ་ལིམ་པིཀ་རྩེད་འགྲན་སྐབས་རྒྱ་ནག་གཞུང་ནས་གདན་འདྲེན་ཞུས་པ་ཡིན་ན། ཆིབས་བསྒྱུར་གནང་གི་ཡོད་

མེད་བཀའ་དྲི་ཞུས་པའི་བཀའ་ལན་དུ་༸གོང་ས་མཆོག་གིས། ད་ལྟའི་བོད་ནང་གི་གནས་སྟངས་ལ་འགྱུར་བ་ཕྱིན་ནས་འཕུགས་འགྱངས་རིང་པོའི་དཀའ་རྙོག་

སེལ་ཐབས་ཤིག་བྱུང་བ་དང༌། དེ་བཞིན་ཕྱོགས་གཉིས་ཀྱི་སྐུ་ཚབ་བར་གྲོལ་མོལ་ཡག་པོ་ཞིག་བྱུང་བའི་མཚམས་སུ་མགྲོན་བརྡ་གཏང་བ་ཡིན་ན་ངེས་པར་དུ་

ཕེབས་རྒྱུའི་ཐུགས་འདོན་ཡོད་ཅེས་གསུངས་འདུག

ཡང་ཉེ་ཆར་ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་ཡུལ་ས་ཁུལ་མང་པོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་

ཡོད་པའི་གནད་དོན་དང་འབྲེལ་བའི་སྐོར་བཀའ་དྲི་ཞུས་པའི་སྐབས། ཨོ་ལིམ་པིཀ་རྩེད་འགྲན་གྱི་དཔལ་འབར་ལ་སྲུང་སྐྱོབ་དང་གུས་བརྩི་ཞུ་དགོས་རྒྱུ་གས་ཆེན

་པོ་ཡིན་པ་དང༌། ལྷག་པར་དུ་རིང་མིན་བོད་ཀྱིས་ས་ཁུལ་བརྒྱུད་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་ནས་འགོག་རྐྱེན་མ

བཟོས་རོགས་ཅེས་ངས་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཀའ་གནང་འདུག།

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org