བལ་ཡུལ་གཞུང་འབྲེལ་མ་ཡིན་པའི་ཚོཌ་པས་བོད་དོན་ལ་རྒྱབ་སྐྱོར།

བལ་པོའི་གཞུང་འབྲེལ་མ་ཡིན་པའི་སཱམ་སྦྲད་ནེ་པལ་ཚོགས་པའི་ཚོགས་གཙོ་ནི་ཀན་ཐར་ཤར་མར་མཆོག་གིས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ།

2009.07.01

༄༅༎བལ་པོའི་གཞུང་འབྲེལ་མ་ཡིན་པའི་སཱམ་སྦྲད་ནེ་པལ་ཚོགས་པའི་ཚོགས་གཙོ་ནི་ཀན་ཐར་ཤར་མར་མཆོག་གིས་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་གསལ་བསྒྲགས་གནང་འདུག

ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་དགུ་ཉིན་བལ་པོའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སཱམ་སྦརྡ་ནེ་པལ་ཞེས་པའི་ཚོགས་པའི་ཚོགས་གཙོ་ནི་ཀན་ཐ་ཤར་མར་མཆོག་ནས་བོད་གཞུང་ཕྱི་དྲིལ་ལྷན་ཁང་གི་ལྷག་པ་ཚེ་རིང་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་ཐོག་གསུངས་དོན་ལ་ཚོགས་པ་དེས་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཡོད་སྐོར་ལས་ཀ་བྱེད་ཀྱི་ཡོད་སྟབས་ཚོགས་པ་དེ་བཙུགས་པ་ནས་བཟུང་ཚོགས་པ་དེ་ནི་བལ་ཡུལ་གཞུང་ལ་བོད་པའི་དཀའ་ངལ་སེལ་རྒྱུའི་རེ་བ་འདོན་མཁན་ཞིག་ཡིན། དེ་བཞིན་དུ་བོད་ཀྱི་རྩ་དོན་ལ་ཕན་སླད་བོད་སྐད་ཐོག་གློག་བརྙན་ཞིག་ཀྱང་བཟོས་ཡོད་ཅེས་དང་སྔ་ལོ་བོད་ནང་བོད་མི་རྣམས་ཀྱིས་ཞི་རྒོལ་གནང་བ་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་གནང་བ་ལྟར་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་འབོད་ཞུ་བཞིན་ཡོད་ཅེས་སོགས་གཏམ་བཤད་གནང་བ་དང་སྦྲགས་ད་རེས་རྡ་སར་འབྱོར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པའི་རྗེས་སུ་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་ཞི་བདེ།མང་གཙོའི་ཐོག་ལས་དོན་སྤེལ་རྒྱུའི་སྙིང་སྟོབས་དང་སྤོབས་སེམས་ཡང་དག་སྐྱེས་བྱུང༌དེ་བཞིན་ཕྱི་འབྲེལ་བཀའ་བློན་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་མཇལ་འཕྲད་ཞུས་པ་བརྒྱུད་ནས་བོད་ནང་གི་བོད་མི་རྣམས་ཀྱིས་སྡུག་སྦྱོང་ག་ཚོད་མྱངས་པ་དང་དུས་རབས་མང་པོའི་སྔོན་ནས་བལ་བོད་གཉིས་དབར་གྱི་འབྲེལ་བ་ཡོད་པ་དེ་དག་མུ་མཐུད་ཡག་པོ་ཉར་ཚགས་བྱེད་དགོས་པ་ནི་གལ་ཆེ་ཡིན་པ་ཤེས་རྟོགས་བྱུང༌།ད་རེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་གཞུང་གི་མཛད་གཙོ་རྣམས་མཇལ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་ངའི་མི་ཚེའི་ལོ་རྒྱུས་ནང་རླབས་ཆེན་གྱི་བྱ་བ་བཟང་པོ་ཞིག་རེད་ཅེས་དང་མཐའ་དོན་དུ་དེ་རིང་འདི་གར་ཕེབས་པའི་གསར་འགོད་པ་རྣམས་བརྒྱུད་རེ་འདུན་ཞུ་རྒྱུ་ཞིག་ལ་བལ་ཡུལ་གཞུང་གིས་ཕྱི་ལོ་༡༩༤༩ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་བཙན་བྱོལ་བའི་སྐོར་ལ་བཞག་པའི་ཆིངས་ཡིག་དེ་ལག་ལེན་བསྟར་ཐུབ་ཐབས་དང་འབྲེལ་བལ་ཡུལ་མི་མང་རྣམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎