རྒྱ་ནག་གི་གཞུང་ཚབ་ལས་ཁང་མདུན་ཟས་བཅད་ངོ་རྒོལ།
ཀྲོ་རན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ།
-
2011-05-09 -
-
-
༄༅༎ཀེ་ན་གྲའི་ཀྲོ་རན་ཀྲོ་ས་གནས་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྔ་པ་ཀིརྟི་དགོན་པའི་ཛ་དྲག་གི་གནས་སྟངས་ཐོག་ཀྲོ་རན་ཀྲོ་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་མདུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ནས་ཉིན་གྲངས་ཉི་ཤུ་ལྷག་འགྲོ་གི་ཡོད་པ་རེད་ངོ་རྒོལ་གྱི་ལས་འགུལ་དེ་ཕྱི་ཟླ་ ༤ པའི་ཚེས་ ༡༩ ཉིན་འགོ་འཛུགས་གནང་ཡོད་ཅིང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ཆེད་དུ་མངགས་ནས་རྔ་པ་ཀིརྟི་དགོན་པའི་ས་གནས་སུ་གནས་འཁོད་བོད་མི་རྣམས་ལ་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ཡོད་སྐོར་དང་ས་ཁུལ་དུ་དེ་སྔ་བྱུང་མྱོང་མེད་པའི་དྲག་ཆས་དཔུང་དམག་འགྲེམས་འཇོག་བྱས་པ་དེས་ས་ཁུལ་གྱི་བོད་མི་རྣམས་ཀྱིས་རང་གི་ཕ་མེས་ཀྱི་ཆོས་དང་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་ལས་འགུལ་ཐོག་དྲག་གནོན་བྱེད་པའི་སྲིད་བྱུས་ཤིག་་རེད་ཅེས་བཀོད་གནང་ཡོད་པ་རེད་
ཡང་ཀྲོ་རན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་ས་ཁུལ་དུ་རྒྱ་ནག་གཞུང་གི་དྲག་པོའི་དཔུང་དམག་གིས་དྲག་སྤྱོད་ཀྱི་ལས་འགུལ་ཙམ་པ་མ་ཟད་བོད་མི་རྣམས་འཛིན་བཟུང་དོ་དམ་དང་བཙོན་བཅུག་ དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་ཡ་ང་བའི་གནས་སྟངས་ཤིག་བཟོས་ཡོད་སྐོར་བཀོད་ཡོད་པ་རེད་ རྒྱ་ནག་གུང་བྲན་ཏང་གིས་བོད་ནང་གི་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་དེ་ཁྲིམས་མཐུན་བཟོས་ནས་དྲག་པོའི་དཔུང་དམག་ལ་ཞི་བའི་མི་སེར་རྣམས་དམར་གསོད་གཏོང་ཆོག་པ་བཟོས་པ་མ་ཟད་བོད་མི་རྣམས་ཀྱི་རང་རང་སོ་སོའི་ཆེ་ཐོས་ང་ལ་གནོད་པའི་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་ཡོད་སྐོར་གསར་འགོད་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད་ རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་པར་རྒྱབ་བསྐྱོར་གྱི་ཀྲོ་རན་ཀྲོ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཞི་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱི་གནས་སྟངས་ཏེ་དྲག་ཏུ་མ་སོང་བར་དུས་ཚོད་ངེས་མེད་ཐོག་སྤེལ་གནང་རྒྱུ་ཡིན་པ་རེད་