གསང་བདག་ལཌ་ཀྱིས་རྔ་པར་རང་སྲེག

གྲྭ་གསང་བདག་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་འདུག

བོད་ཀྱི་ཨ་མདོ་རྔ་པའི་ས་བཀྲ།

༄༅།    །ཁ་སང་ཕྱི་ཚེས་༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་༡༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་དར་ཁོ་ཚང་གི་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག
དེ་ཡང་ཀིརྟི་བྱེས་པ་གྲྭ་ཚང་ནས་སྤེལ་བའི་གནས་ཚུལ་ལྟར་ན།    རང་སྲེག་གི་གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ནས་གསང་བདག་ལགས་ཀྱི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་རྔ་པའི་སྨན་ཁང་དུ་ཁྱེར་འདུག་ཀྱང་། དེ་གར་ཡུན་རིང་མ་བཞག་པར་ས་གནས་གཞན་ལ་ཁྱེར་འདུག སྐབས་དེར་ཁོང་གི་ཤི་གསོན་གྱི་གནས་ཚུལ་དང་། རང་ལུས་མེར་སྲེག་སྐབས་འབོད་ཚིག་ག་རེ་བསྒྲགས་མིན། དེ་བཞིན་ནང་མིའི་གནས་ཚུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་དམ་བསྒྲགས་ཆེན་པོ་བྱས་འདུག    འོན་ཀྱང་ཡུན་རིང་མ་སོང་བར་ཕྱི་བསྡུ་བྱས་ཏེ་མངོན་གསལ་དོད་པོའི་དམ་བསྒྲགས་ཀྱི་གནས་སྟངས་མེད་པར་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org