རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ལ་ངོ་རྒོལ་གྱིས་ལྷམ་གཡུགས་པ།

རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ཡིས་དབྱིན་ཡུལ་དུ་གསུང་བཤད་ཅིག་གནང་བའི་སྐབས་ངོ་རྒོལ་བྱེད་མཁན་ཞིག་གིས་ཁོང་གི་སྟེང་དུ་ལྷམ་གཡུག་པ།

༄༅༎རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ཡིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་ནང་གི་ཁེམ་སྦི་རིཇ་མཐོ་རིམ་སློབ་གྲྭའི་ནང་གསུང་བཤད་ཅིག་གནང་བའི་སྐབས་ངོ་རྒོལ་བྱེད་མཁན་གྱི་ཁྲོད་ནས་མི་ཞིག་གིས་ལྦན་ཅ་པའོ་ཡི་སྟེང་དུ་ལྷམ་གཡུག་པ་མ་ཟད་བཀས་བཀོད་རྒྱུན་འཛིན་པ།སྲིད་དབང་སྒེར་འཛིན་པ་ཞེས་ངོ་རྒོལ་བྱས་པར་བརྟེན་རྒྱ་ནག་ཕྱི་སྲིད་ལྷན་ཁང་དང་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ཚོས་ཁོང་ཁྲོ་ཆེན་པོས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་སྲིད་བློན་ལྦན་ཅ་པའོ་ཡི་སྟེང་ལ་ལྷམ་གཡུགས་པའི་གནས་ཚུལ་བྱུང་དོན་སྐོར་ཚིག་གཅིག་བཤད་ཀྱི་མེད་པ་རེད།

དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅཱང་ཡུ་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་སྲིད་བློན་ལྦན་ཅ་པའོ་དབྱིན་ཡུལ་དུ་གསུང་བཤད་གནང་བའི་སྐབས་གསུང་བཤད་གནང་དུ་མ་བཅུག་པའི་འགོག་རྐྱེན་བཟོས་ཡོད་པ་དང་ཡིན་ནའང་གནད་དོན་དེས་རྒྱ་ནག་དང་དབྱིན་ཡུལ་བར་གྱི་འབྲེལ་ལམ་ལ་གནོད་འཚེ་འགྲོ་རྒྱུ་མིན་པ་བཤད་པ་ལས་ལྦན་ཅ་པའོ་ཡི་སྟེང་ལ་ངོ་རྒོལ་གྱིས་ལྷམ་གཡུག་པའི་གནས་ཚུལ་གླེང་སློང་ཙམ་ཡང་བྱས་མེད་པ་རེད། གནས་ཚུལ་དེ་དང་འདྲ་བ་ཞིག་ནི་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོརཇེ་སྦུཤི་མཆོག་ཁ་སྔོན་ཕྱི་ཟླ་བཅུ་གཉིས་པའི་ནང་ཨི་རག་ཏུ་འཚམས་འདྲི་གནང་བའི་སྐབས་ཨི་རག་གི་གསར་འགོད་པ་ཞིག་གིས་ཇོརཇེ་སྦུཤི་སྟེང་ལ་ལྷམ་གཡུགས་པའི་གནས་ཚུལ་དེ་ནི་རྒྱ་ནག་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་སུ་ཤེས་རྟོགས་བྱུང་བའི་དོན་རྐྱེན་ཞིག་བྱུང་ཡོད་ནའང་རྒྱ་ནག་གཞུང་འབྲེལ་གསར་ཤོག་དང་འཕྲིན་གཏོང་དྲ་བའི་ཐོག་ལ་ལྦན་ཅ་པའོའི་གསུང་བཤད་ལ་འགོག་རྐྱེན་བཟོས་པར་སྐྱོན་བརྗོད་རིམ་པ་བྱས་པ་ལས་ལྷག་གཡུགས་པའི་གནས་ཚུལ་དེར་ཐད་ཀར་སྐྱོན་བརྗོད་བྱས་མེད་པ་མ་ཟད་རྒྱ་ནག་གཞུང་གི་བརྙན་འཕྲིན་སི་སི་ཊི་ལྦི་ཞེས་པའི་ལས་རིམ་ཐོག་ལའང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་རྒྱང་བསྲིང་བྱས་པའི་ནང་གཅིག་མཚུངས་ཀྱིས་ལྦན་ཅ་པའོ་གསུང་བཤད་གནང་བའི་སྐབས་འགོག་རྐྱེན་བཟོ་ཐབས་བྱས་པའི་སྐོར་ལས་ལྷམ་གཡུགས་པའི་གནས་ཚུལ་ཙམ་བཤད་མེད་ཅིང་ད་དུང་ཤིན་ཧྭ་གསར་ཤོག་ཐོག་ལ་དབྱིན་ཇི་གཞུང་གིས་དོན་རྐྱེན་དེར་རྒྱ་ནག་ལ་དགོངས་སེལ་ཞུ་དགོས་པ་དང་དོན་རྐྱེན་དེར་རྒྱ་ནག་ཕྱོགས་ལ་ཧ་ཅང་གི་ཚོར་བ་གཟབ་པོ་ཞིག་བྱུང་བའི་སྐོར་ལས་ལྷམ་གཡུགས་པའི་གནས་ཚུལ་རྩ་བ་ནས་བཤད་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org