ལྷོ་ཀོ་རི་ཡའི་ནང་དྲག་ལས་སྤེལ་མཁན་རྒྱ་རིགས་ཚོར་ཉེས་ཆད་ཕོག་རྒྱུ།

ལྷོ་ཀོ་རི་ཡའི་ནང་ཨོ་ལིམ་པིག་དཔལ་འབར་འཁྱེར་སྐབས་རྒྱ་མི་རིགས་ དྲག་པོའི་བྱ་སྤྱོད་སྤེལ་མཁན་ཐོག་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་འདུག

༄༅༎རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ལྷོ་ཀོ་རི་ཡའི་རྒྱལ་ས་སཱིའོལ་ནང་སྐོར་བསྐྱོད་

བྱེད་པའི་སྐབས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ལྷོ་ཀོ་རི་ཡའི་མི་དམངས་ཐོག་རྒོལ་འཛིང་

བྱེད་མཁན་གྱི་རྒྱ་མི་རིགས་རྣམས་ལྷོ་ཀོ་རི་ཡའི་གཞུང་གིས་རྒྱ་ནག་ཏུ་ཕྱིར་ལོག་གཏོང་རྒྱུ་ཡིན་པ་དང་

དྲག་པོའི་རྒོལ་འཛིང་བྱེད་མཁན་དེའི་ནང་རྒྱ་མི་རིགས་སློབ་ཕྲུག་གཅིག་གཙོས་པའི་མི་བཞི་འཛིན་བཟུང་

བྱས་ཡོད་པ་རེད།

ལྷོ་ཀོ་རི་ཡའི་ཁྲིམས་ཞིབ་ལྷན་ཁང་གིས་དེ་རིང་གསལ་བསྒྲགས་ཤིག་སྤེལ་བའི་ནང་རེས་གཟའ་

ཉི་མའི་ཉིན་ལྷོ་ཀོ་རི་ཡའི་ནང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་སྐོར་བསྐྱོད་སྐབས་ངོ་རྒོལ་བྱེད་མཁན་ལྷོ་ཀོ་རི་ཡའི་མི་དམངས་ཐོག་

རྒྱ་མི་རིགས་ཀྱིས་རྒོལ་རྡུང་བཏང་སྟེ་ལྷོ་ཀོ་རི་ཡའི་མི་སེར་མང་པོ་ཞིག་རྨས་སྐྱོན་གཏོང་མཁན་གྱི་དྲག་པོའི་བྱ་སྤྱོད་སྤེལ་མཁན་དེ་དག་

ཐོག་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་པའི་གནས་ཚུལ་བཀོད་ཡོད་པ་མ་ཟད། ཁྲིམས་ཞིབ་བློན་ཆེན་ཀིམ་ཀུང་ཧན་གྱསི་བློན་ཆེན་རྣམ་པའི་

ལྷན་ཚོགས་ཐོག་ད་རེས་ཀྱི་དཔལ་འབར་སྐོར་བསྐྱོད་སྐབས་མི་དམངས་དང་ཉེན་རྟོག་པས་རྒྱབ་པའི་བརྙན་པར་དང་འདྲ་པར་ཐོག་རྟོག་ཞིབ་ནན་ཏན་བྱས་ཏེ་

དྲག་རྒོལ་བྱེད་མཁན་གྱི་མི་དེ་དག་འཛིན་བཟུང་བྱ་རྒྱུ་ཡིན་པ་གསུང་ཡོད་པ་རེད། ལྷོ་ཀོ་རཡའི་སྲིད་བློན་ཧན་སོང་སུའུ་མཆོག་གིས་དྲག་པོའི་རྒོལ་འཛིང་དེ་དག་ནང་ཐེ་ཇུས་ཡོད་པའི་མི་དེ་རྣམས་ཀྱིས་ཁོང་གི་རྒྱལ་ཁབ་ཀྱི་མཚན་ཐོངས་ལ་

གནོད་འཚེ་ཆེན་པོ་བཟོས་པར་བརྟེན་ནས་ངེས་པར་དུ་ཁྲིམས་མཐུན་དང་ཕྱི་འབྲེལ་གྱི་ཐབས་ཇུས་ཐོག་ནས་ཉེས་ཆད་གཏོང་རྒྱུ་ཡིན་པ་གསུང་ཡོད་པ་དང རེས་གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རྒྱལ་ས་སཱིའོལ་ནང་ཡོད་པའི་རྒྱ་མིའི་གཞུང་ཚབ་པར་ད་རེས་རྒྱ་མི་རིགས་ཀྱིས་དྲག་པོའི་རྒོལ་

འཛིངས་ཀྱི་གནས་སྟངས་ལ་བློ་ཕམ་ཆེན་པོ་བྱུང་བའི་སྐོར་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org