རྒྱ་ནག་ནང་དྲག་ཆར་རླུང་ཚུབ་དང་ཆུ་ལོག་གི་གོད་ཆགས་བྱུང་བ།

རྒྱ་ནག་ནང་རླུང་ཚུབ་ཀྱི་རྐྱེན་པས་མི་གྲངས་༥༥ལ་སྲོག་སྐྱོན་བྱུང་བ་དང་མི་མང་ས་ཡ་གཅིག་ལྷག་ཙམ་ས་གནས་གཞན་ཁག་ཏུ་གནས་སྤོ་བྱས་དགོས་བྱུང་ཡོད་འདུག

༄༅༎རྒྱ་ནག་ལྷོ་ཕྱོགས་ཞིང་ཆེན་ཁུལ་དུ་དྲག་ཆར་རླུང་ཚུབ་དང་ཆུ་ལོག་གི་རྐྱེན་པས་མི་གྲངས་༥༥ལ་སྲོག་སྐྱོན་བྱུང་བ་དང་མི་མང་ས་ཡ་གཅིག་ལྷག་ཙམ་ཛ་དྲག་གིས་ས་གནས་གཞན་ཁག་ཏུ་གནས་སྤོ་བྱས་དགོས་བྱུང་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་འདུག་

རྒྱ་ནག་གཞུང་འབྲེལ་ཤིང་ཏྭ་གསར་འགྱུར་བརྒྱུད་ལམ་ནས་ཁ་ས་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་བར་ལྟར་ན་ ད་རེས་རྒྱ་ནག་གི་ལྷོ་ཕྱོགས་ཞིང་ཆེན་ཁག་དགུའི་ནང་དྲག་ཆར་རླུང་ཚུབ་དང་ཆ་ལོག་གི་རྐྱེན་པས་མི་གྲངས་༥༥ལྔའི་ཚེ་སྲོག་ཤོར་བའི་ཐོག་མི་གྲངས་༧གར་སོང་ཆར་མེད་དུ་གྱུར་བ་དང་ དེ་བཞིན་མི་མང་ས་ཡ་གཅིག་ལྷག་ཙམ་ཛ་དྲག་གིས་གནས་སྤོས་བྱས་དགོས་བྱུང་ཡོད་ཅིང་ དེ་ཡང་དོན་རྐྱེན་བྱུང་ཡུལ་ཉེ་ཆར་ས་ཡོམ་འགུལ་ཚད་བརྒྱད་ཙམ་རྒྱབ་སའི་ཟི་ཁྲོན་ཞིང་ཆེན་ལ་སོགས་པ་ཞིང་ཆེན་ཁག་༩ཙམ་ནང་ཛ་དྲག་གི་གནས་ཚུལ་དེ་བྱུང་ཡོད་པ་རེད་བཞག་

དྲག་ཆར་རླུང་ཚུབ་ཀྱི་དོན་རྐྱེན་བྱུང་ཡུལ་གཙོ་བོ་ནི་ཟི་ཁྲོན་དང་ ཀུའེ་ཀྲོའུ་ ཡུ་ནན་ སོགས་ཞིང་ཆེན་དེ་ཚོའི་ནང་ཡིན་ཞིང་ད་དུང་མ་འོང་ཉིན་༡༠བསྟུད་མར་མུ་མཐུད་དྲག་ཆར་བབས་རྒྱུའི་ཚོད་དཔག་བྱེད་ཀྱི་ཡད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org