ཨོ་ལིམ་པིག་གི་དམིགས་བསལ་སྒྲོན་མེ་ཇོ་མོ་གླང་མའི་ཉེ་འགྲམ་དུ་བྱོར་བ།

རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་དཔལ་འབར་ཕྱི་ཟླ་ལྔ་པའི་ཚེ་ཤར་ནས་ འགོ་འཛུགས་ཀྱིས་ཟླ་དཀྱིལ་ཙམ་ལ་རི་བོའི་རྩེ་མོར་སླེབས་པའི་རེ་བ་བྱེད་ཀྱི་ཡོད་འདུག

༄༅༎ཨོ་ལིམ་པིག་རྩེད་འགྲན་གྱི་སྒྲོན་མེ་དམིགས་བསལ་ཞིག་གངས་རི་ཇོ་མོ་གླང་མའི་ཉེ་འགྲམ་དུ་བྱོར་ཡོད་པའི་གནས་ཚུལ་ཐོན་འདུག༎

ཨོ་ལིམ་པིག་དཔལ་འབར་སྐྱོར་བསྐྱོད་ཀྱི་ས་ཁུལ་ཚང་བར་ངོ་རྒོལ་ཆེ་ཆུང་སྣ་ཚོགས་བྱུང་ཡོད་པ་མ་ཟད་ བོད་ནང་དང་ལྷག་པར་དུ་ཇོ་མོ་གླང་མའི་རི་རྩེར་དཔལ་འབར་སྐོར་བསྐྱོད་བྱེད་རྒྱུར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ཀྱང་རྒྱ་ནག་གཞུང་གིས་དཔལ་འབར་ཕྱི་ཟླ་

ལྔ་པའི་ཚེ་ཤར་ནས་འགོ་འཛུགས་ཀྱིས་བར་ཆད་མ་བྱུང་ན་ཟླ་དཀྱིལ་ཙམ་ལ་རི་བོའི་རྩེ་མོར་སླེབས་པའི་རེ་བ་བྱེད་ཀྱི་ཡོད་འདུག

བལ་ཡུལ་གཞུང་གིས་བལ་པོའི་ཕྱོགས་ཀྱི་གངས་རིའི་སྲུང་སྐྱོབ་ཁས་ལེན་བྱས་ཡོད་པ་མ་ཟད་ ངོ་རྒོལ་བྱེད་མཁན་རིགས་བྱུང་ཚེ་མེ་མདའ་

རྒྱབ་ཆོག་པའི་བཀའ་འཁྲོལ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག རེས་གཟའ་ལྷག་པའི་ཉིན་བོད་ལ་རྒྱབ་སྐྱོར་གྱི་སྦྱར་ཡིག་འཁྱེར་བའི་

ཨ་རིའི་རི་འཛེགས་པ་ཞིག་ཕྱིར་འབུད་བྱས་ཡོད་འདུག དེའི་དབར་ལ་རེས་གཟའ་པ་སངས་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་རྒྱ་ནག་ནས་བོད་ལ་ཐོན་ཡོད་པ་དང་ཁོང་རྣམས་གངས་རི་

ཇོ་མོ་གླང་མར་ཨོ་ལིམ་པིག་དཔལ་འབར་གྱི་མཛད་སྒོའི་གནས་ཚུལ་སྤེལ་མཁན་ཡིན་པ་རེད་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org