བཞུཌ་སྒར་དུ་ཆོས་ལུཌ་འདྲ་མིན་གྱི་དབུ་འཁྲིད་རྣམ་པའི་ལྷན་ཚོཌ།

བཞུགས་སྒར་དུ་༸གོང་ས་མཆོག་དབུ་བཞུཌ་ཐོག་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་ཤིག་སྐོང་འཚོགས་གནང་རྒྱུ་ཡིན་འདུག

2009.04.03

༄༅༎བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་རྣམ་པའི་ལྷན་ཚོགས་ཤིག་སྐོང་འཚོགས་གནང་རྒྱུ་ཡིན་འདུག

དེ་ཡང་བརྒྱུད་ལམ་ཁག་ནང་གསལ་བར་བྱས་ན་གོང་ཞུས་ཚོགས་འདུ་དེ་བཞིན་སྐུ་ཞབས་སྦུ་པེན་རྡར་ཀུ་མའར་མོ་རྡི་ཞུ་བས་གོ་སྒྲིག་གནང་སྟེ་འདི་ཚེས་ལྔ་ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་ཟློས་གར་གྱི་ཚོགས་ཁང་ཆེན་མོའི་ནང་བསྐྱང་རྒྱུ་ཡིན་པ་དང་སྐུ་ཞབས་མོ་རྡི་ཞུ་བ་ནི་རྒྱ་གར་ནང་བཟོ་གྲྭའི་སྦྱིན་བདག་ཆེན་པོ་ཞིག་ཡིན་པའི་ཁར་མཱ་ཧ་སྦོ་རྡི་སོ་སའེ་ཊི་ཅེས་རྒྱ་གར་གྱི་ནང་པའི་ཆོས་ཚོགས་ཤིག་གི་མགོ་འདོན་གཙོ་སྐྱོང་གནང་མཁན་ཞིག་ཀྱང་ཡིན་པ་རེད།

ཡང་གནས་ཚུལ་ནང་མུ་མཐུད་གསལ་པར་བྱས་ན་ཐེངས་འདིའི་ཚོགས་འདུའི་སྐབས་ཆོས་ལུགས་ཕན་ཚུན་དབར་བསམ་ཚུལ་བརྗེ་རསེ་བྱས་པའི་ཐོག་ནས་འཛམ་གླིང་ཞི་བདེ་གོང་འཕེལ་གཏང་ཐབས་ཀྱི་བརྗོད་གཞིའི་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་ཡིན་པ་དང་ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་གྱི་གྲས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་༸རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དང་ཧིན་རྡུའི་བླ་ཆེན་ཇཱ་གཏ་གུ་རུ་ཤན་ཀར་ཨ་ཆར་ཡ།སུ་ལྦ་མི་རྡིལྦ་ཡ་ནན་དང་ཆི་རྡ་ནན་ས་ར་སེ་ལྦ་ཊི།སུ་ལྦ་མི་པར་མ་ནན་ས་ར་སེ་ལྦ་ཊི་གཅེར་བུ་བའི་ཆོས་ལུགས་ཀྱི་བླ་ཆེན་ཨ་ཆར་ཡ་རུབ་ཆན་རྡར་སོགས་ཀྱི་གཙོས་པའི་ཆོས་ལུགས་འདྲ་མིན་གྱི་དབུ་འཁྲིད་ཕེབས་གཏན་འཁེལ་ཡོད་འདུག་པ་དང་ཡང་ལྷན་ཚོགས་འདི་གོ་སྒྲིག་ཡོང་བར་མཐུན་འགྱུར་གནང་མཁན་གྱི་གྲས་སུ་ཧིན་རྡུའི་ཆོས་ཚོགས་ཁག་ཅིག་དང་ཧི་མ་ལ་ཡའི་ནང་བསྟན་རིག་གཞུང་ཚོགས་པ་བཅས་ཡོད་པའི་འགྲེལ་བརྗོད་བྱས་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎