བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་ལ་འགྱུར་བ་འགྲོ་མི་སྲིད།

བཙན་བྱོལ་བོད་གཞུང་གིས་ཛ་དྲག་ཚོགས་འདུ་ཞིག་ཚོགས་རྒྱུའི་སྙན་སེང་ཞུས་པར་༸གོང་ས་མཆོག་ནས་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད་

༄༅༎ཕ་ཡུལ་དྲ་རྒྱའི་ནང་གནས་ཚུལ་ཐོན་པར་གཞིགས་ན་ འདི་ལོའི་ཕྱི་ཟླ་༡༡ནང་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་དང་བཀའ་ཤག་གི་ཛ་དྲག་ཚོགས་འདུ་ཞིག་ཚོགས་རྒྱུའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་དོན་བཞིན་༸གོང་ས་མཆོག་གིས་དེ་ལྟར་ཚུགས་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་རེད་

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་གསར་འགོད་པས་འདྲི་བ་ཞུས་ཏེ། ཚོགས་འདུ་དེའི་སར་བོད་ནང་རང་སྲིད་རང་སྐྱོང་དོན་དང་ལྡན་པ་ཞེས་པའི་གནད་དོན་དེ་ཚོའི་ཐད་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཡོད་མེད་སྐོར་བཀའ་འདྲི་ཞུས་སྐབས་བཀའ་བློན་ཁྲི་པ་མཆོག་གིས་གསུང་དོན་ ངའི་བསམ་པར་རིང་མིན་ཚུགས་རྒྱུའི་ཚོགས་འདུ་དེའི་སར་ད་ལྟའི་དབུ་མའི་ལམ་གྱི་སྒོ་ནས་རྒྱ་ནག་གི་ཁྲིམས་གཞིའི་འོག་བོད་ནང་རང་སྐྱོང་དོན་དང་ལྡན་པ་ཞིག་དགོས་ལུགས་བརྗོད་པ་དེ་རང་མུ་མཐུད་འབད་བརྩོན་བྱ་རྒྱུ་ལས་དེར་འགྱུར་བ་འགྲོ་སྲིད་ཀྱི་མ་རེད་ཅེས་དང་ཚོགས་འདུ་དེས་ད་ཡོད་བོད་པའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་གནས་ཚུལ་དང་ལྷག་དོན་དུ་ཉེ་སྔོན་བོད་ནང་དུས་ཟིང་བྱུང་བའི་གནས་སྟངས་སོགས་ཀྱི་སྐོར་འབྲེལ་ཡོད་འཐུས་མི་ཚོས་ལྷན་འཛོམས་ཐོག་གོ་བསྡུར་བྱ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་པ་ལས་ཚོགས་འདུ་དེས་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་དང་རྒྱ་ནག་གཞུང་ལ་འགོག་རྒོལ་བྱ་ཐབས་སོགས་དེ་འདྲའི་འཆར་གཞི་གང་ཡང་ཡོག་མ་རེད་ཅེས་གསུང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org