བེུད་ནི་རང་བཞིན་གྱིས་བྱམས་སྙིང་རྗེ་ཆེ་བ་ཡོད་སྐོར།

༸གོང་ས་མཆོག་གིས་སྤྱི་ཚོགས་ནང་བེུད་ཀྱི་ནུས་པ་དེ་ཤུགས་ཆེ་ཞིག་ཡོད་ལུགས་རེས་གཟའ་ཉི་མའི་ཉིན་བཀའ་གནང་ཡོད་པ་རེད།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཚོགས་ནང་བེུད་ཀྱི་ནུས་པ་དེ་ཤུགས་ཆེ་ཞིག་ཡོད་ལུགས་རེས་གཟའ་ཉི་མའི་ཉིན་འཇར་མ་ནིའི་ཉིན་རེའི་གསར་འགྱུར་བརྒྱུད་ལམ་ནང་བཀའ་གནང་ཡོད་པ་རེད།

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བེུད་ནི་རང་བཞིན་གྱིས་བྱམས་སྙིང་རྗེ་ཆེ་བ་ཡོད་པ་དང་གཞན་གྱི་སྡུག་བསྔལ་ལ་བསམ་ཤེས་བྱེད་ཡས་དེ་སྐྱེས་པ་ཞིག་ལས་ཤེས་ཚོར་ཆེ་བ་ཡོད་པ་རེད་ཅེས་བཀའ་གནང་ཡོད་པ་རེད།

ཡང་༸གོང་ས་མཆོག་ནས་རྒྱུ་མཚན་དེ་ལ་བརྟེན་ནས་བེུད་ཚོས་ལས་དོན་གལ་ཆེ་ཁག་ཐག་གཅོད་བྱེད་རྒྱུའི་ཐོག་འགན་འཁུར་མང་ཙམ་ལེན་དགོས་པ་དང་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཇར་མ་ནིའི་སྲིད་བློན་མཆོག་ལ་དཔེ་བཞག་པ་གནང་སྟེ་བེུད་ཚོས་འཇར་མ་ནིའི་སྲིད་བློན་ནང་བཞིན་གྱིས་སྤྱི་ཚོགས་ཐོག་འགན་འཁུར་ཆེན་པོ་ལེན་གནང་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་མ་ཟད་བེུད་ཀྱི་མཛངས་མའི་ཡོན་ལྡན་དེ་ནང་སེམས་ཀྱི་ཡོང་ལྡན་ཞིག་ཐོག་ལག་ལེན་འཁྱེར་ཐུབ་པ་ཡིན་ན་དེས་རང་བཞིན་གྱིས་གཞན་ཕན་ཐུབ་པའི་བེུད་ཅིག་བྱེད་ཐུབ་ཀྱི་ཡོད་པ་རེད་ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་རེས་གཟའ་ཉི་མའི་ཉིན་འཇར་མ་ནིའི་གསར་འགྱུར་བརྒྱུད་ལམ་ཞིག་གི་ཐོག་གསལ་སྟོན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org