རྒྱ་རིཌ་དམངས་གཙོ་དོན་གཉེར་བ་ཚོར་ཐོངས་མཆན་སྤྲད་མེད་པ།

ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་གསུམ་ཧོང་ཀོང་དུ་བསྐྱོད་རྩིས་བྱས་ཀྱང་ཐོངས་མཆན་ཐོབ་མེད་པ་རེད།

༄༅༎ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་གསུམ་དེ་སྔ་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྲུང་བརྩིའི་ཆེད་ཧོང་ཀོང་དུ་བསྐྱོད་རྩིས་བྱས་ཀྱང་ཐོངས་མཆན་ཐོབ་མེད་པའི་གནས་ཚུལ་ཐོན་འདུག

ཧོང་ཀོང་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ལྦང་རྡན་དང་ལྦང་ཇུན་ཏའོ་གཉིས་ཧོང་ཀོང་ནས་བསྐོད་འཐུས་ཆོག་པའི་ཐོངས་མཆན་ཞུས་ཀྱང་ཆོག་མཆན་གནང་མེད་ལུགས་ཧོང་ཀོང་གི་ཆབ་སྲིད་ཚན་རིག་པ་ཇོ་ཨེཕ་ཁྲེང་གིས་འགྲེལ་བརྗོད་བྱས་ཡོད་འདུག ཡང་དམངས་གཙོ་དོན་གཉེར་བ་གསུམ་ཡང་ཇན་ལི་བདུན་ཕྲག་གསུམ་གོང་ཧོང་ཀོང་གནམ་ཐང་དུ་འབྱོར་སྐབས་ཕྱིར་ལོག་བྱས་ཡོད་འདུག ཡང་བེ་ཅིང་ནས་དམངས་གཙོ་དོན་གཉེར་བ་ཁྲེན་ཛི་མིང་ཧོང་ཀོང་ཡོང་རྩིས་བྱས་ཡོད་ཀྱང་ཡོང་ཐུབ་ཀྱི་མེད་ལུགས་འགྲེལ་བརྗོད་བྱས་འདུག ལྦན་རྡན་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གི་ལས་འགུལ་གྱི་འགོ་ཁྲིད་གྲས་ཡིན་པ་རེད། ཁོང་ལོ་བརྒྱད་རིང་བཙོན་འཇུག་གི་རྗེས་སུ་ཕྱི་ལོ་༡༩༩༨ལོར་ཨ་རིའི་ནང་སྐྱབས་བཅོལ་ཞུས་པ་རེད། ལྦན་ཇུན་ཏའོ་དང་ཁྲེན་ཇི་མིང་གཉིས་དོན་རྐྱེན་དེའི་སློབ་སྟོན་པའི་གྲས་ཡིན་པར་བརྟེན་ཁོང་གཉིས་ལ་ལོ་བཅུ་གསུམ་རིང་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༡༩༩༣ལོར་སྨན་བཅོས་ཆེད་གློང་བཀྲོལ་བཏང་བ་རེད། ཁྲེན་ཛི་མིན་ཕྱི་ལོ་༡༩༩༥ལོར་བསྐྱར་དུ་བཙོན་འཇུག་བྱས་ཡོད་ཀྱང་ལོ་གཅིག་གི་རྗེས་སུ་བསྐྱར་དུ་གློད་བཀྲོལ་བཏང་ཡོད་འདུག ཡང་ཨ་རིའི་ནང་གཏན་སྡོད་ཡིན་པ་ཡཱང་གིས་དོན་རྐྱེན་ནང་འཛུལ་ཞུགས་བྱས་པར་བརྟེན་ལོ་ལྔའི་རིང་བཙོན་འཇུག་བྱས་པ་རེད། ལྦང་རྡན་དང་ཡཱང་གཉིས་ལ་དེའི་གོང་ལ་ཡང་ཧོང་ཀོང་ནང་བཏང་མེད་པ་རེད། འོན་ཀྱང་ཁྲེན་ཕྱི་ལོ་ཉིས་སྟོང་བདུན་ཉམས་ཞིབ་ལས་དོན་ཆེད་ཐེངས་གཅིག་བཏང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org