སྐྱེ་རྒུ་མདོར་ཁྱིམ་མི་བཞི་འཛིན་བཟུང་།

ཡུལ་ཤུལ་སྐྱེ་རྒུ་མདོ་རུ་གནས་སྡོད་བྱེད་པའི་ཚོང་དཔོན་ནང་ཆེན་བཀྲ་ཤིས་ལགས་ཀྱི་ནང་མི་འཛིན་བཟུང་དང་། རྒྱུ་ནོར་ཚང་མ་གཏོར་བཤིག་དང་བཅོམ་འཕྲོག་བྱས་འདུག།

༄༅།    །ཟླ་འདིའི་ཚེས་༡༢ཉིན་གྱི་མཚན་མོ། ནང་ཆེན་བཀྲ་ཤིས་ཁྱིམ་དུ་མེད་པའི་སྐབས་དང་བསྟུན།    མི་སྐོར་ཞིག་ཁོང་གི་ཁྱིམ་ནང་འཛུལ་སྟེ།    ནང་ཆེན་བཀྲ་ཤིས་ནང་དུ་ཡོད་པའི་ཁོང་གི་བཟའ་ཟླ་བོད་བདེ་དང་། བུ། བུ་མོ་གཙོས་པའི་ཁྱིམ་མི་བཞི་འཛིན་བཟུང་བཙོན་འཁྲིད་བྱས་ཡོད་པས་མ་ཚད། ཁོང་གི་སྡོད་ཁང་གཙོས་པའི་ཅ་ལག་ཡོངས་རྫོགས་ཤུལ་མེད་བཟོས་ཡོད་འདུག ནང་ཆེན་བཀྲ་ཤིས་ལགས་ནི།
བོད་ཀྱི་རིག་གནས་དང་།    ཆོས་ལུགས།    སྐད་དང་།    ཡི་གེ་ལ་དགའ་ཞིང་། དེར་སྲུང་སྐྱོབ་དང་དར་སྤེལ་ཆེད་མཐུན་རྐྱེན་རོགས་རམ་གང་མཚམས་སྤྲོད་མཁན་ཞིག་རེད་འདུག་ལ།  དེ་སྔོན་ས་གནས་རྒྱ་གཞུང་གིས་མི་དམངས་ལ་ངན་བསྐུལ་གྱི་ནག་ཉེས་བཙུགས་སྟེ་འཛིན་བཟུང་བྱས་མྱོང་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org