ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་མཆོག་དང་ཐེ་ཝན་གཞུང་ཚབ་གཉིས་མཇལ་འཕྲད་གནང་འདུག

ཨོསི་ཊརེ་ལི་ཡའི་ནང་ཚོགས་པའི་ཐེ་ཝན་གྱི་གློག་བརྙན་དུས་སྟོན་སྟེང་ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་མགྲོན་འབོད་ལྟར་ཕེབས་ནས་ཐེ་ཝན་གཞུང་ཚབ་དང་མཇལ་འཕྲད་གནང་ཡོད་འདུག

ཨོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད་མཆོག་དང་ཐེ་ཝན་གཞུང་ཚབ་གཉིས་མཇལ་འཕྲད་སྐབས། ༠༨།༡༢།༢༠༢༣ CTA

དེ་ཡང་འདི་ཚེས་༡༢་ཉིན། ཨོསི་ཊརེ་ལི་ཡའི་ནང་ཚོགས་པའི་ཐེ་ཝན་གྱི་གློག་བརྙན་དུས་སྟོན་ཐེངས་༦པའི་སྟེང་། ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་མགྲོན་འབོད་གནང་བ་ལྟར་མཛད་སྒོ་དེར་ཕེབས་ནས། ཡུལ་དེའི་ཐེ་ཝན་གྱི་གཞུང་ཚབ་གསར་བ་དང་དུས་ཐུང་གི་མཇལ་འཕྲད་གནང་ཡོད་པ་དང་། ཨོསི་ཊརེ་ལི་ཡའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ཐེ་ཝན་གྱི་གློག་བརྙན་དུས་སྟོན་དེའི་མཛད་སྒོའི་སྐུ་མགྲོན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་མགྲོན་འབོད་གནང་བ་ལྟར་བཅར་བ་དང་། སྐབས་དེར་མཛད་སྒོའི་ཐོག་ཨོསི་ཊརེ་ལི་ཡའི་ནང་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་གསར་པ་(Douglas Hsu)་ལགས་ཕེབས་འདུག་པས། ཁོང་དང་ལྷན་དུས་ཐུང་གི་མཇལ་འཕྲད་དང་མཉམ་ཁོང་ཉིད་ཨོསི་ཊརེ་ལི་ཡར་ཐེ་ཝན་གྱི་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་གཞུང་ཚབ་ཏུ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཁོང་མོའི་འབྱུང་འགྱུར་ལས་དོན་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་བ་ཡིན། དོན་གཅོད་ཁང་གི་ངོས་ནས་ཨོསི་ཊརེ་ལི་ཡའི་ནང་ཡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་དང་འབྲེལ་ལམ་དམ་ཟབ་བཟུང་ནས་བོད་དོན་ངོ་སྤྲོད་དང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ལ་ངོས་འཛིན་གནང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
གློག་བརྙན་དུས་སྟོན་གྱི་མཛད་སྒོར་དེར་སྐུ་ཚབ་དོན་གཅོད་དང་ལྷན་དུ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ལྷན་བཅར་ཞུས་ཡོད་འདུག


གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org