བོད་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེག་གིས་ངོ་རྒོལ།

བོད་དུ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེག་བཏང་གནང་ནས་འདས་གྲོངས་ཕྱིན་ཡོད་པ་དང༌མང་ཚོགས་ཆིག་སྟོང་ཙམ་གྱིས་ངོ་རྒོལ།

༄༅༎དེ་རིང་ཕྱི་ཟླ་༣པའི་ཚེས་༡༦ཉིན་མདོ་སྨད་རྔ་པ་ཁུལ་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེག་བཏང་གནང་ནས་འདས་གྲོངས་ཕྱིན་ཡོད་པ་དང༌། མང་ཚོགས་ཆིག་སྟོང་ཙམ་གྱིས་ངོ་རྒོལ་སྐད་འབོད་གནང་བཞག།

ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་དགུང་ལོ་༢༡ཙམ་ཡིན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་ཀིརྟི་དགོན་པའི་ཉེ་འདབས་ཀྱི་ཁྲོམ་མགོ་ནས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བའི་སྐབས། ས་གནས་ཉེན་རྟོག་མི་སྣས་རྡུང་རྡེག་དང་བཅས་མེ་བསད་ཡོད་ཀྱང༌། མི་མང་དང་དགེ་འདུན་པ་ཚོས་ཉེན་རྟོག་པའི་ལག་ནས་དགེ་འདུན་ཁོང་འཕྲོག་ཏེ་རྔ་པ་ཀིརྟི་དགོན་པའི་ནང་ལ་འཁྱེར་ཐུབ་པ་བྱུང་ཡོད་ཀྱང་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བཞག། དེ་རྗེས་ཁུལ་དེར་མི་མང་དང་གྲྭ་པ་༡༠༠༠ལྷག་ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ཙམ་གྱི་རིང་གོམ་བགྲོད་བྱས་ཡོད་པ་དང༌། རྒྱ་མིའི་དམག་དཔུང་འབོར་ཆེན་ཞིག་ཁུལ་དེའི་ནང་ཆེད་གཏོང་བྱས་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org