བོད་མི་བཞིའི་སྲོག་སྐྱོབ་ཐབས་ཡོང་བའི་ཆེད་རོཌ་རམ་འབོད་སྐུལ།

སྲོག་ཐོག་གི་ཁྲིམས་བཅད་བྱས་ཡོད་པའི་བོད་མི་བཞི་པོ་དེ་དག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྲོག་སྐྱོབ་ཐབས་ཡོང་བའི་ཆེད་འབོད་སྐུལ།

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་རྒྱ་ནག་གཞུང་གི་ཁྲིམས་ཁང་ཞིག་ནས་བོད་མི་བཞི་ལ་ཉེས་པ་སྲོག་ཐོག་གི་ཁྲིམས་བཅད་བྱས་ཡོད་པ་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས་མི་སྣ་བཞི་པོ་དེ་དག་གི་སྲོག་སྐྱོབ་ཐབས་ཡོང་བའི་ཆེད་རྒྱལ་སྤྱིའི་ཐོག་ནས་རོགས་རམ་འབོད་སྐུལ་ཞུས་གནང་འདུག

དེ་ཡང་འདི་ཚེས་བཅུ་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ལྷ་སའི་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་ཀྱི་འགྲོ་ལུགས་མ་བརྒྱུད་པར་བོད་མི་བཞི་ལ་ཉེས་པ་སྲོག་ཐོག་གི་ཁྲིམས་བཅད་བྱས་པ་ནི་དྲང་བདེན་མིན་པ་ཞིག་ཡིན་པར་བརྟེན་ཞི་བདེ་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་མི་མང་སྒེར་བཅས་ཀྱིས་བོད་མི་བཞི་པོ་དེ་དག་གི་ཚེ་སྲོག་སྐྱོབ་ཐབས་ཆེད་རྒྱབ་སྐྱོར་དང་རོགས་རམ་གང་ཡོང་གནང་དགོས་པའི་འབོད་སྐུལ་ཞུས་གནང་འདུག གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་པར་གཞིགས་ན་སྲོག་ཐོག་ཉེས་ཆད་ཕོག་པའི་བོད་མི་བཞི་པོ་དེ་དག་ནི་བློ་བཟང་རྒྱལ་མཚན་དང་བློ་ཡག།བསྟན་འཛིན་ཕུན་ཚོགས།ཀུན་ཚོགས་བཅས་པ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org