རྒྱ་བོད་འབྲེལ་ལམ་གྱི་གནས་སྟངས་ཇི་ལྟར་ཡོད་མེད།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་མཚམས་ཆད་མེད་པའི་སྐོར་འགྲེལ་བརྗོད་གནང་འདུག

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་མཚམས་ཆད་མེད་པའི་སྐོར་འགྲེལ་བརྗོད་གནང་འདུག

དེ་ཡང་ཕྱི་ཚེས་ཉི་ཤུ་ཉིན་བཙན་བྱོལ་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་ལྷན་ཚོགས་ཐེངས་བདུན་པའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྤྱི་འཐུས་ཤིག་གིས་བོད་རྒྱའི་འབྲེལ་མོལ་སྐོར་བཀའ་འདྲི་ཞུ་དུས་བཀའ་བློན་ཁྲི་པ་མཆོག་ནས་དེའི་ཐོག་བཀའ་ལན་གནང་བར་བཙན་བྱོལ་བོད་གཞུང་གི་ཕྱོགས་ནས་བོད་རྒྱའི་འབྲེལ་མོལ་གྱི་ལམ་ཐིག་དེ་ཕྱི་ལོ་ཉིས་སྟོང་བཞི་ལོར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གིས་གཏན་འབེབས་བྱས་པ་བཞིན་ཕྱི་ལོ་ཉིས་སྟོང་བདུན་ལོའི་བར་ལམ་ཐིག་དེ་བརྒྱུད་པ་རེད། དེ་ནས་རྒྱ་ནག་གཞུང་གིས་ང་ཚོའི་སྐུ་ཚབ་རྣམ་པས་༸གོང་ས་མཆོག་གིས་ཐུགས་དགོངས་མིང་དོན་མཚུངས་པའི་རང་སྐྱོང་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་གསལ་པོར་འགྲེལ་བརྗོད་དགོས་པའི་རེ་སྐུལ་ཞུས་པ་བཞིན་ང་ཚོའི་ཕྱོགས་ནས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ལག་བསྟར་ཡོང་ཐབས་བསམ་འཆར་ཡི་གེ་ཞིག་ཕུལ་ཡོད་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ང་ཚོའི་ཕྱོགས་ཀྱི་དགོས་འདུན་གསལ་སྟོན་བྱས་ཡོད་ཡིན་ནའི་ང་ཚོའི་བསམ་ཤོག་དེ་ནི་རྣམ་པ་འགྱུར་བའི་རང་བཙན་ཟེར་བ་རེད་ཅེས་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་གསུངས་འདུག ཡིན་ནའི་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཆོག་ནས་རྒྱ་ནག་དང་ང་ཚོའི་བར་གྱི་འབྲེལ་ལམ་ཆད་ཡོད་པར་ཡིད་ཆེས་གནང་གི་མེད་ཅེས་གྲོས་ཚོགས་ཀྱི་འཐུས་མི་ཚོར་བཀའ་ལན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org