ཆབ་སྲིད་བཙོན་ཟུར་བྱམས་པ་དཔལ་བཟང་ལགས་འདས་གྲོངས།
རྒྱ་ནག་གི་མནར་གཅོད་ཚད་མྱངས་རྗེས་བཙོན་གྲོལ་ཐོབ་ཀྱང་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ།
-
2011-05-29 -
-
-
༄༅༎བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ལ་སྤེལ་བའི་གནས་ཚུལ་ལྟར་ན་དགའ་ལྡན་དགོན་པའི་དགེ་འདུན་ བྱམས་པ་དཔལ་བཟང་ལགས་ ༡༩༩༦ ལོ་ནས་བཟུང་ད་ཕན་རྒྱ་ནག་གཞུང་གིས་མི་ལོ་༡༥འི་རིང་ཐོག་མར་གྲ་བཞི་བཙོན་ཁང་དང་ ཕྱིས་སུ་ཆུ་ཤུལ་བཙོན་ཁང་ནང་མུ་མཐུད་བཙོན་འཇུག་བྱས་པས་མ་ཚད་ལོ་དུས་དེའི་རིང་བཙོན་ཁང་གི་ལས་བྱེད་པ་ཚོས་ ཁོང་གི་ལུས་སེམས་ཐོག་གདུག་རྩུབ་མནར་གཅོད་ཚད་མེད་བཏང་བའི་ཉེར་ལེན་ལ་བརྟེན་ནས་ཁ་སྔོན་ཚེས་ ༦ ཉིན་གློད་བཀྲོལ་བཏང་ཀྱང་ཚེས་ ༡༧ ཉིན་འདས་གྲོང་སོང་ཡོད་པ་རེད།།