རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཐོག་བཙན་བྱོལ་བོད་མིས་མཉམ་ཞུགས།

སྲིད་དབང་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཁྲིམས་འོག་ནས་འཕྲུལ་ལས་རིག་པའི་རང་དབང་ཐོབ་ཐབས་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས།

༄༅༎སྲིད་དབང་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཁྲིམས་འོག་ནས་འཕྲུལ་ལས་རིག་པའི་རང་དབང་ཐོབ་ཐབས་ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཐོག་བོད་མི་ཚོས་ཀྱང་མཉམ་ཞུགས་གནང་ཡོད་འདུག

ཨ་མི་རི་ཀའི་ཀ་ལི་ཕོ་ནི་ཡའི་མངའ་སྡེའི་ས་ཀྲན་ཕོདྲ་གཙུག་ལག་སློབ་གཉེར་ཁང་གི་མང་གཙོ་དང་། ཁྲིམས་ལུགས་གོང་འཕེལ་གཏོང་ཐབས་ལས་དོན་ཚན་པ་དང་། གཞན་ཡང་རྒྱལ་སྤྱིའི་ཚན་པ་ཞིག་ཐུན་མོང་གི་ཐོག་ནས་གོ་སྒྲིག་གནང་བའི་འོག་ཟླ་བ་འདིའི་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་གཉིས་རིང་སྲིད་དབང་གཅིག་སྡུད་དབང་འཛིན་རིང་ལུགས་ཀྱི་ཁྲིམས་འོག་ནས་འཕྲུལ་ལས་རིག་པའི་རང་དབང་ཐོབ་ཐབཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་ཡོད་འདུག ལྷན་ཚོགས་འདིའི་ཐོག་ཨ་རིའི་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། གུའུ་གལ་དྲ་རྒྱ། དཀྱིལ་ཤར་ཡུལ་གྲུ། ཀྱུ་པ། རྒྱ་ནག། དེ་བཞིན་ཨ་རིའི་ནང་ཁུལ་ནས་གཙུག་ལག་སློབ་གཉེར་ཁང་ཆེ་ཁག་ཅིག་གི་སློབ་དཔོན་དང་། མཁས་དབང་སོགས་འབྲེལ་ཡོད་མི་སྣ་བཞི་བཅུ་ཙམ་ནས་མཉམ་ཞུགས་བྱས་ཡོད་པའི་ཁོངས་སུ་བཙན་བྱོལ་བོད་གཞུང་གི་ཀམ་པུ་དྲར་ཉམས་ཞིབ་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་ནས་ཀྱང་ཚོགས་ཞུགས་གནང་ཡོད་འདུག

ལྷན་ཚོགས་འདིའི་ཐོག་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོགས་ཞུགས་གནང་མཁན་རྣམ་རྒྱལ་ལེགས་བཤད་ལགས་ནས་བཙན་བྱོལ་བོད་གཞུང་གི་ཀམ་པུ་ཀྲར་སྡེ་ཚན་གྱི་ལས་ཀའི་ངོ་བོ་ངོ་སྤྲོད་གནང་བ་དང་། ཀྲོ་རོན་ཀྲོའི་ཀམ་པུ་ཀྲར་སྡེ་ཚན་ཞིག་ནས་ཉམས་ཞིབ་བྱེད་པ་བརྒྱུད་ཤེས་རྟོག་བྱུང་བ་ལྟར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་དེ་སྔ་གསང་ཉུལ་གྱི་གནོད་སྐྱོན་བཏང་རྩིས་བྱས་པའི་གནད་དོན་སོགས་འགྲེལ་བརྗོད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཨ་རིའི་སི་ཨན་ཨན་བརྙན་འཕྲིན་ལས་ཁང་གི་དེ་སྔ་པེ་ཅིང་གི་རྩོམ་བྲིས་པ་རེ་སྦི་ཀ་མེ་ཀི་ནོན་གྱིས། རྒྱ་ནག་ནང་དྲ་རྒྱའི་ཐོག་དམ་བསྒྲགས་ག་འདྲ་བྱེད་ཀྱི་ཡོད་མེད་སྐོར་གསལ་བཤད་གནང་ཡོད་པ་སོགས་གང་ལྟར་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་དེ་དག་ནང་གསར་འགྱུར་བརྒྱུད་ལམ་དང་ལྷག་པར་དུ་དྲ་རྒྱའི་ཐོག་དམ་བསྒྲགསབྱེད་ཕྱོགས་གནས་སྟངས་དང་དེ་དག་སེལ་ཐབས་སུ་བགྲོ་གླེང་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org