ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཟས་བཅད་ངོ་རྒོལ།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ་བོད་ཀྱི་གཞོན་ནུ་ཚོགས་པས་ཟས་བཅད་ངོ་རྒོལ་བྱས་པ།
-
2011-04-23 -
-
-
༄༅༎རེས་གཟའ་པ་སངས་ཀྱི་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་དུ། བོད་ཀྱི་གཞོན་ནུ་ཚོགས་པས་ཟས་བཅད་ངོ་རྒོལ་བྱས་ཏེ། རྒྱ་ནག་གཞུང་གིས་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཕྱི་ནང་དུ་དྲག་གནོན་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད་རེད།
དེ་རྗེས་དབུས་གཞོན་ལྷན་ཚོགས་གྱི་ཕྱོགས་ནས་གསུངས་པར། རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་ནང་དམ་བསྒྲགས་ཅི་ཆེ་ལག་བསྟར་བྱེད་བཞིན་པའི་གནས་སྟངས་མཚམས་འཇོག་ཡོང་ཐབས་སུ་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ཟས་བཅད་ངོ་རྒོལ་སོགས་གནང་སྟེ་དམ་བསྒྲགས་ཕྱིར་འཐེན་འཕྲལ་དུ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་བོད་རྔ་པ་ཁུལ་གྱི་ཛ་དྲག་གི་གནས་སྟངས་དེ་ལྷིང་འཇགས་ཡོང་ཆེད་དུ། ཨ་མི་རི་ཁའི་གཞུང་འབྲེལ་གྱི་ཐོག་ནས། རྒྱ་ནག་གཞུང་ལ་སྐྱོན་འཛུགས་གནང་ཡོད་པའི་སྐོར་དང་། དེ་བཞིན་ཡོ་རོབས་མཉམ་མཐུན་ཡུལ་ཁག་གི་གྲོས་ཚོགས་ཀྱིས་ཀྱང་། བོད་ཀྱི་གནས་སྟངས་དེའི་ཐད་རྒྱ་ནག་གཞུང་ལ་བོད་མིའི་རང་དབང་ཐོབ་ཐང་ལ་སྲུང་བརྩི་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་བཞག།