དཀར་མཛེས་ཁུལ་བོད་མི་ཚོས་བོད་རང་བཙན་གྱི་ཡི་གེ་བཀྲམ་པ།
དཀར་མཛེས་ས་ཁུལ་ཉག་རོང་རྫོང་གི་བོད་མི་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པའི་གནས་ཚུལ་བཏོན་ཡོད་པ་རེད།
-
2009-03-16 -
-
-
༄༅༎དཀར་མཛེས་ས་ཁུལ་ཉག་རོང་རྫོང་ཀྱི་བོད་མི་ཁག་ཅིག་གིས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམས་སྤེལ་བྱས་པའི་གནས་ཚུལ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བཏོན་ཡོད་པ་རེད།
གནས་ཚུལ་དེ་ཐོན་རྗེས་བོད་མི་གསུམ་འཛིན་བཟུང་བྱས་ཡོད་པའི་ཁྲོད་ནས་བོད་མི་གཅིག་ལ་སྤྱི་བདེ་ཉེན་རྟོག་པས་ཉེས་རྡུང་ཚབས་ཆེ་བཏང་བའི་རྐྱེན་གྱིས་རྐང་པ་བཅག་ཡོད་པ་རེད། ཕྱི་ཚེས་བཅུ་གཉིས་ཉིན་ཉག་རོང་རྫོངས་ཀྱི་ལས་ཁུངས་མདུན་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྦྱར་དང་སློབ་གྲྭ་ཞིག་གི་ནང་བོད་ཀྱི་རྒྱལ་དར་གསང་བའི་ཐོག་སྒྲེང་འཛུགས་ཀྱི་གནས་ཚུལ་ཐོན་པ་སོགས་ལ་བརྟེན་རྫོང་གི་ཉེན་རྟོག་པས་ཕྱི་ཚེས་བཅུ་གཉིས་དགོང་དྲོ་འཛིན་བཟུང་བྱས་པའི་བོད་མི་གསུམ་པོ་དེ་དག་ཁྲོམ་དཀྱིལ་དུ་ཁྲིད་དེ་ཁོང་ཚོའི་རོགས་པ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག