བོད་དཀར་མཛེས་ཁུལ་བོད་རང་བཙན་ཡིན་ཞེས་ཡི་གེ་བྲིས་ཡོད་པ།
བོད་དཀར་མཛེས་ཁུལ་བོད་རིགས་ཚོས་བོད་ཀྱི་རྒྱལ་དར་དང་དེ་བཞིན་རྩིག་ལྡེབས་སོགས་པར་བཀྲག་རྩི་དམར་པོས་བོད་རང་བཙན་ཡི་གེ་བྲིས་ཡོད་པ།
-
2009-03-02 -
-
-
༄༅༎ད་ལོའི་བོད་པའི་ལོ་གསར་སྐབས་རྒྱ་ནག་གཞུང་གིས་བོད་རིགས་ཚོར་བཙན་དབང་གིས་བོད་ཀྱི་ལོ་གསར་འཁྲབ་སྟོན་སོགས་པར་འགྲོ་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་དེ་བཞིན་བོད་མི་མང་པོ་ཞིག་གིས་ད་ལོའི་ལོ་གསར་སྐབས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པའི་གནས་སྟངས་འོག་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་མཚོན་ཆེད་མར་མེའི་སྨོན་ལམ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་ཁ་སྔོན་བོད་ས་གླང་ལོ་གསར་གྱི་ཚེས་བཞི་ཉིན་བོད་དཀར་མཛེས་ཁུལ་གྱི་གྲོང་ཁྱེར་ནང་བོད་རིགས་ཚོས་བོད་ཀྱི་རྒྱལ་དར་དང་དེ་བཞིན་རྩིག་ལྡེབས་སོགས་པར་བཀྲག་རྩི་དམར་པོས་བོད་རང་བཙན་ཡིན་ཞེས་ཡི་གེ་བྲིས་ཡོད་པ་སོགས་ཀྱི་གནས་ཚུལ་ཞིག་བྱུང་རྗེས་དེ་ཁུལ་རྒྱ་མིའི་ཉེན་རྟོག་དམག་མི་ཁྱོན་ཆེ་སླེབས་ནས་དཔར་ལེན་བྱས་པ་སོགས་ཀྱི་གནས་ཚུལ་ཞིག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་ཀྱི་གསར་འགོད་པ་བུ་དགྲ་འདུལ་ལགས་སུ་བོད་ནས་ཞལ་དཔར་གཏོང་མཁན་བོད་མི་ཞིག་གིས་གོང་གསལ་གྱི་གནས་ཚུལ་ཁག་འགྲེལ་བརྗོད་གནང་ཡོད་པ་རེད༎