ཨ་རི་དང་རྒྱ་ནག་བར་དངུལ་གྱི་འཛའ་ཐང་སྐོར་གྲོས་མོལ།

ཨ་རི་དང་རྒྱ་ནག་སྲིད་འཛིན་དབར་རྒྱ་ནག་གི་དངུལ་སྒོར་ཡོ་ན་གྱི་འཛའ་ཐང་སྤར་དགོས་པའི་གནད་དོན་སྐོར་གྲོས་མོལ་བྱུང་ཡོད་པའི་གནས་ཚུལ།

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་རྣམ་གཉིས་ཁ་ས་ལྷོ་ཀོ་རི་ཡའི་ནང་G20ཞེས་སྟོབས་འབྱོར་ཆེ་བའི་ཡུལ་ཁག་ཉི་ཤུའི་དབུ་ཁྲིད་རྣམ་པའི་ལྷན་ཚོགས་ཀྱི་ཞོར་དུ་ཟུར་མཇལ་གནང་ཡོད་པ་དང་ སྐབས་དེར་དབུ་ཁྲིད་རྣམ་གཉིས་ཀྱི་དབར་ རྒྱ་ནག་གི་དངུལ་སྒོར་ཡོན་གྱི་འཛའ་ཐང་སྤར་དགོས་པའི་གནད་དོན་སྐོར་གྲོས་མོལ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་ཨ་རིའི་སྦུ་ལུམ་སྦག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞིན་པར་གཞིགས་ན་ དབུ་ཁྲིད་རྣམ་གཉིས་ཀྱི་གྲོས་མོལ་ནང་ ཨ་རིའི་ངོས་ནས་རྒྱ་ནག་ལ་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་International Monetary Fundགི་ནང་རྒྱ་ནག་གི་འགན་དབང་ཆེ་ཙམ་གཏོང་རྒྱུར་མོས་མཐུན་དང་དེར་ཕན་པར་རྒྱ་ནག་གཞུང་གིས་རྒྱ་སྒོར་ཡོན་གྱི་འཛའ་ཐང་འཕར་འཇུག་རྒྱུར་གྲོས་མཐུན་བྱུང་ཡོད་པའི་སྐོར་ གནས་ཚུལ་སྤེལ་ཡོད་པ་རེད༎ 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org