རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་ཚོར་རྡུང་རྡེག་གནོན་ཤུཌ་སྤྲད་པ།
ལྦེ་ཀྲི་ཀེན་གཞུང་གིས་རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་ཚོར་གཞུང་གིས་རྡུང་རྡེག་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མཚམས་འཇོག་དགོས་པའི་ཉེན་བརྡ།
-
2010-11-18 -
-
-
༄༅༎ལྦེ་ཀྲི་ཀེན་གཞུང་གིས་རྒྱ་ནག་ནང་ཡེ་ཤུའི་ཆོས་དཔོན་ཚོར་གཞུང་ཕྱོགས་ནས་རྡུང་རྡེག་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གནས་སྟངས་དེ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
དེ་རིང་རེས་གཟའ་ཕུར་བུའི་ཉིན་ཡེ་ཤུའི་ཆོས་སྡེ་ཆེན་པོ་ལྦེ་ཀྲི་ཀེན་གཞུང་གི་གསལ་བསྒྲགས་ཤིག་ཕྱིར་བསྒྲགས་གནང་བའི་ནང་ལྦེ་ཀྲི་ཀེན་གཞུང་གི་མགྲིན་ཚབ་པ་ཆོས་དཔོན་ཕེརེ་དྲི་ཀོ་ལོམ་སྦར་དྲི་ཡིས་རྒྱ་ནག་གཞུང་གིས་ཡུལ་དེའི་ནང་ཡོད་པའི་ཡེ་ཤུའི་ཆོས་དཔོན་ཚོར་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་གོའོ་ཅིང་ཚད་ཀྱིས་བདུན་ཕྲག་རྗེས་མའི་ནང་སྡོམ་པ་འབོག་འཇོག་གི་ཆོ་གའི་ནང་བཞུགས་དགོས་པའི་བཙན་བཀའ་བཏང་ཡོད་པའི་གནས་སྟངས་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་གནང་ཡོད་པ་དང་ ལྦེ་ཀྲི་ཀེན་གཞུང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་རིགས་ཀྱིས་འགྲོ་བ་མིའི་ཆོས་ལུགས་རང་དང་འདེམས་ཁ་རང་དབང་ལ་ཚབས་ཆེའི་བཙན་གནོན་བྱས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།
རྒྱ་ནག་ནང་རྒྱ་ནག་གཞུང་གིས་བསྐོ་བཞག་དང་ངོས་འཛིན་བྱས་པའི་ཡེ་ཤུའི་ཆོས་དཔོན་དང་ཆོས་ཚོགས་མ་གཏོགས་དེ་མིན་གྱི་ཡེ་ཤུའི་བླ་ཆེན་གྱི་ངོས་འཛིན་གནང་བའི་ཡེ་ཤུའི་ཆོས་དཔོན་ཚོ་ཁས་ལེན་བྱེད་ཀྱི་མེད་པ་རེད།