བོད་དོན་ཐོག་ལྦར་མོན་ཊི་མངའ་སྡེའི་གྲོས་ཚོཌ་ནང་གྲོས་ཆོད།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ཐོག་ཨ་རིའི་ལྦར་མོན་ཊི་མངའ་སྡེའི་གྲོས་ཚོགས་ཚོགས་མི་ཚོས་སྐྱོན་བརྗོད།
-
2009-04-04 -
-
-
༄༅༎བཙན་བྱོལ་བོད་གཞུང་གི་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་འགན་འཛིན་ཚེ་དབང་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ལ་འགྲེམས་སྤེལ་གནང་བའི་གནས་ཚུལ་ལྟར་ན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་ཐོག་ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ལྦར་མོན་ཊིའི་གྲོས་ཚོགས་གོང་མའི་ཚོགས་མི་ཚོས་སྐྱོན་བརྗོད་གནང་རྒྱུའི་གྲོས་ཆོད་ཅིག་ཟླ་བ་འདིའི་ཚེས་གསུམ་གཟའ་པ་སངས་ཉིན་གཏན་འབེབས་གནང་ཡོད་པ་རེད། གྲོས་ཆོད་དེའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་དང་བྱེད་བཞིན་པར་སྐྱོན་བརྗོད་གནང་བ་མ་ཟད་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ནུས་ཤུགས་ལྡན་པའི་སྒོ་ནས་རྒྱ་ནག་གཞུང་གི་ཐོག་ལ་གནོན་ཤུགས་སྤྲོད་དགོས་པ་དང་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་བོད་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པ་དང་བོད་ལ་ཕྱི་འབྲེལ་གྱི་ངོས་འཛིན་གནང་དགོས་པ་མངའ་སྡེའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་ཀྱི་ངོ་བཤུས་ཤིག་ཀྱང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཨ་མི་རི་ཀའི་ནང་གི་རྒྱ་ནག་གི་གཞུང་ཚབ་ལ་འབུལ་གནང་ཡོང་བའི་སྐུལ་འདེབས་ཡང་གནང་ཡོད་པ་རེད༎