རྒྱ་ནག་ལྷོ་ཕྱོཌ་གྲོང་གསེབ་གཉིས་དབར་ས་ཞིང་ཐོག་འཁོན་འཛིན།

རྒྱ་ནག་གི་ལྷོ་ཕྱོགས་སུ་གྲོང་གསེབ་ས་ཁུལ་གཉིས་བར་འཁོན་འཛིན་བྱུང་རྗེས་ད་ཆ་ཉེན་རྟོག་པ་ཆིག་སྟོང་ལྷག་འཕར་སྣོན་ཆེད་གཏོང་བྱས་ཡོད་པ།

༄༅༎རྒྱ་ནག་གི་ལྷོ་ཕྱོགས་སུ་གྲོང་གསེབ་ས་ཁུལ་གཉིས་ཕན་ཚུན་བར་ལ་ས་ཞིང་བདག་དབང་གི་འཁོན་འཛིན་འོག་ཉིན་ཤས་དྲག་པོའི་གདོང་ཐུག་བྱུང་སྟེ་མི་གཅིག་རྐྱེན་ལམ་དུ་ཕྱིན་དང་མི་དགུ་རྨས་སྐྱོན་འཕོག་པའི་དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་གྲོང་གསེབ་ས་ཁུལ་དེའི་ནང་དུ་ཉེན་རྟོག་པ་ཆིག་སྟོང་ལྷག་འཕར་སྣོན་ཆེད་གཏོང་བྱས་ཡོད་པའི་སྐོར་དེ་རིང་པེ་ཅིང་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བཞག

དེ་ཡང་རྒྱ་ནག་གི་ལྷོ་ཕྱོགས་ཧའེ་ནེན་ཞིང་ཆེན་གྱི་གྲོང་གསེབ་ས་ཁུལ་དེ་གཉིས་བར་དུ་འབྲེལ་ཡོད་པའི་ཟམ་ཆེན་དེ་བཞིན་ད་ཆ་ཉེན་རྟོག་པས་བཀག་བསྡོམས་བྱས་ཏེ་གྲོང་གསེབ་དེ་གཉིས་བར་ལ་མུ་མཐུད་དྲག་པོའི་དོན་རྐྱེན་མི་ཡོང་བའི་བཀག་འགོག་ནན་པོ་བྱས་ཡོད་ཅིང་ཐོག་མའི་དོན་རྐྱེན་བྱུང་རིམ་ནི་ཧའེ་ནེན་ཞིང་ཆེན་དེའི་ཀན་ཁྲེང་གྲོང་གསེབ་ས་ཁུལ་ནང་གི་སློབ་ཕྲུག་ཞིག་གིས་དོན་རྐྱེན་དེ་སླངས་བའི་རྗེས་དེའི་ཁྱིམ་མཚེས་གྲོང་གསེབ་ས་ཁུལ་པའོ་ཧྲང་ཟེར་བའི་ནང་གི་སློབ་ཕྲུག་ཕྱོགས་ནས་དེར་ལན་སློག་པའི་འབྱུང་རྐྱེན་གྱི་ཐོག་ནས་གྲོང་གསེབ་ས་ཁུལ་དེ་གཉིས་བར་ལ་ཛ་དྲག་ཆེ་བའི་དྲག་པོའི་གདོང་ཐུག་དེ་རེས་གཟའ་ཟླ་བའི་ཉིན་ནས་འགོ་བཙུགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org