ཨ་སི་ཊི་རི་ཡའི་གྲོས་ཚོཌ་ཀྱི་ཚོཌ་གཙོས་བོད་དོན་ཐད་གླེང་སློང་།

རྒྱ་ནག་གི་རྩ་ཁྲིམས་ནང་དུ་བོད་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུ་དང་ཆོས་ལུགས་རང་དབང་སྤྲོད་རྒྱུ་ཞེས་འཁོད་ཡོད་པའི་སྐོར་གླེང་སློང་གནང་འདུག

༄༅༎རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ལྦུའུ་པང་ཀུའོ་དེང་སྐབས་ཨ་སི་ཊི་རི་ཡར་འཚམས་འདྲིར་འབྱོར་ཏེ་ཨོ་སི་ཊི་རི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བའི་སྐབས་བོད་དོན་གླེང་སློང་གནང་ཡོད་པ་རེད།

ལྦུའུ་པང་ཀུའོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་དབང་ཆ་ལྡན་པའི་དཔོན་རིགས་ཨང་གཉིས་པ་ཡིན་ཞིང་ད་རེས་ཨོ་སི་ཊི་རི་ཡའི་ནང་ཉིན་བཞིའི་རིང་འཚམས་འདྲིར་འཆར་གཞི་ཡོད་པའི་ནང་ནས་རེས་གཟའ་པ་སངས་ཉིན་ཨོ་སི་ཊི་རི་ཡའི་སྲིད་འཛིན་ཧའེན་ཛི་ཕི་ཤར་དང་གྲོས་ཚོགས་ཀྱི་ཚོགས་གཙོ་སྦར་སྦ་ར་པེརེ་མར་རྣམ་གཉིས་དང་མཇལ་འཕྲད་གནང་བའི་སྐབས་གྲོས་ཚོགས་ཀྱི་ཚོགས་གཙོ་སྦར་སྦ་ར་པེརེ་མར་མཆོག་གིས་ལྦུའུ་པང་ཀུའོ་ལ་རྒྱལ་སྤྱིའི་དཔལ་འབྱོར་གྱི་འགྲོ་ལུགས་དང་བདེན་ཕྱོགས་སུ་ད་དུང་མདུན་བསྐྱོད་བྱ་དགོས་གལ་ཆེ་བའི་བཀའ་མོལ་གནང་བའི་རྗེས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་སྟེ་རྒྱ་ནག་གི་རྩ་ཁྲིམས་ནང་དུ་བོད་ལ་རང་སྐྱོང་གི་གནས་བབ་སྤྲོད་རྒྱུ་དང་ཆོས་ལུགས་རང་དབང་སྤྲོད་རྒྱུ་ཞེས་འཁོད་ཡོད་པའི་སྐོར་དྲན་སྐུལ་དང་གླེང་སློང་གནང་ཡོད་པ་རེད། ཡིན་ནའང་ལྦུའུ་པང་ཀུའོ་ཡིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཁག་གཅིག་སྒྲིལ་ཡོང་ཐབས་ཁོ་ནའི་བྱ་ཐབས་ལག་བསྟར་བྱ་གི་ཡོད་པའི་ལན་འདེབས་བྱས་ཏེ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་སྒྲིག་ཡོད་པའི་ནན་བརྗོད་བྱས་ཡོད་པ་རེད། དེ་རྗེས་རེས་གཟའ་སྤེན་པའི་ཉིན་ལྦུའུ་པང་ཀུའོ་དང་ཨོ་སི་ཊི་རི་ཡའི་དཔལ་འབྱོར་བློན་ཆེན་རྣམ་གཉིས་མཇལ་འཕྲད་གནང་བ་དང་ད་རེས་ཡུལ་གྲུ་གཉིས་བར་གྱི་ཆེས་མཐོའི་དཔོན་རིགས་རིམ་པའི་མཇལ་འཕྲད་དེ་བརྒྱུད་རྒྱལ་ཁབ་གཉིས་བར་ལ་དཔལ་འབྱོར་དང་སོ་ནམ་ལས་དོན་ཐོག་མཉམ་ལས་གོང་འཕེལ་གཏང་རྒྱུ་དང་ལྷག་པར་དུ་ཨོ་སི་ཊི་རི་ཡ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་མི་ཁོངས་སུ་མེད་ནའང་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་ནང་མཉམ་ལས་བྱ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org