ད་ལྟའི་གནས་སྟངས་དང་མ་འོངས་པའི་ཉེན་ཁ།


2020.05.09
ད་ལྟའི་གནས་སྟངས་དང་མ་འོངས་པའི་ཉེན་ཁ། སྨན་པ་སྐྱུ་བློ་རྣམ་རྒྱལ་ལྷ་དབང་ལགས་(གཡོན།)དང་། སྨན་པ་ཉ་ཙ་ཚང་བསོད་ནམས་སྟོབས་རྒྱལ་ལགས།(གཡས།)
Photo: RFA

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཀྱི་ད་ལྟའི་གནས་སྟངས་དང་མ་འོངས་པའི་ཉེན་ཁ།  ནད་འདིར་གདོང་ལེན་གྱི་སྨན་ཁབ་སོགས་འཛམ་གླིང་ཚན་རིག་པ་རྣམས་ཀྱི་ལས་འཆར་གང་དུ་སླེབས་མིན་སོགས་ཀྱི་ཐད་ཨ་རིའི་སི་ཡ་ཊལ་གྲོང་ཁྱེར་སུ་ཌིཤ་འགོས་ནད་བཅོས་ཐབས་ལྟེ་གནས་ཁང་དུ་ཏོག་གསར་ནད་པར་བཅོས་ཐབས་ཀྱི་ཕྱག་ལས་གནང་བཞིན་པ་སྨན་པ་ཉ་ཙ་ཚང་བསོད་ནམས་སྟོབས་རྒྱལ་ལགས་དང་།  ཨ་རིའི་ཁེ་ལི་ཕོར་ནི་ཡ་ཧོཔ་གྲོང་ཁྱེར་རྒྱལ་ཡོངས་འཕྲོད་བསྟེན་ལྟེ་གནས་ཁང་གི་འགན་འཛིན་ནད་ཡམས་དཔྱད་རིག་ཆེད་ལས་པ་སྨན་པ་སྐྱུ་བློ་རྣམ་རྒྱལ་ལྷ་དབང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎