ནད་མནར་ཅན་ཚོར་ཛ་དྲག་གི་ཟུངས་ཁྲག་གི་སྦྱིན་པ།
2018.07.18
༄༅༎ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་། བཞུགས་སྒར་རྡ་མ་རམ་ས་ལར་ཡོད་པའི་བོད་ཀྱི་བདེ་རྩ་ཚོགས་པས་རྒྱ་གར་ཡུལ་མི་དང་བོད་མི་ནད་མནར་ཅན་ཚོར་ཛ་དྲག་གི་ཟུངས་ཁྲག་དགོས་མཁོ་བྱུང་བའི་སྐབས་རོགས་རམ་གནང་གི་ཡོད་པ་ལྟར་ཚོགས་པ་དེར་སྤྱི་ཚོགས་དང་ཚོགས་པ་སོགས་ཕྱོགས་ཡོངས་ནས་མཐུན་འགྱུར་དང་རོགས་རམ་གནང་རྒྱུ་གལ་ཆེ་ཡིན་པ་ངོས་འཛིན་གནང་གི་ཡོད་པའི་སྐོར་གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།གསར་འགོད་པ་གཡུ་སྒྲོན།