བོད་ཀྱི་ལྷ་མོའི་འཁྲབ་སྟོན།


2018.05.12
བོད་ཀྱི་ལྷ་མོའི་འཁྲབ་སྟོན། བཞུགས་སྒར་རྡ་རམ་སར་བོད་ཀྱི་ཞོ་སྟོན་ཐེངས་༢༣པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་ནང་གི་བོད་ཀྱི་ཞོ་སྟོན་ཚོགས་གནང་བ་དང་།  ད་ཐེངས་ཀྱི་ཞོ་སྟོན་ཐོག་ལྷ་མོའི་རུ་ཁག་ཁྱོན་བཅུ་གཉིས་ནས་མཉམ་ཞུགས་གནང་ཡོད་པས།   བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་དགེ་རྒན་དང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་སུ་ཡོད་པའི་དགུང་ལོ་༨༥ཕེབས་པའི་ལྷ་མོའི་དགེ་རྒན།    དེ་བཞིན་ཅོན་ཏ་ར་བོད་ཁྱིམ་གྱི་དགེ་སློབ་བཅས་དང་ལྷན་དུ། སྒྲོལ་དཀར་ལགས་ཀྱིས་བོད་ཀྱི་ལྷ་མོའི་འཁྲབ་སྟོན་སྐོར་ལ་བཀའ་མོལ་ཞུས་པ་ཞིག་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎