འཛམ་གླིང་གི་ཐ་མག་སྔོན་འགོག་ཉིན་མོ།
2017.06.05

༄༅༎ཐེངས་འདིའི་འཕྲོད་བསྟེན་ལེ་ཚན་ནང་།འཛམ་གླིང་གི་ཐ་མག་སྔོན་འགོག་ཉིན་མོར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་།མང་ཚོགས་ལ་ཐ་མག་བཅད་པའི་ཕན་ཡོན་སྐོར་ངོ་སྤྲོད་གནང་སྟེ་།་ཐ་མ་བཅད་ན་སྙིང་གི་ཁྲག་རྩའི་ནད་དང། འགྲིབ་སྐྱོན་། གློ་བའི་འབྲས་ནད་སོགས་ནད་ཚབས་ཆེ་པོ་དེ་རིགས་འཕོག་པའི་ཉེན་ཁ་ཧ་ཅང་གི་ཆུང་དུ་འགྲོ་བ་སོགས་འཕྲལ་དང་ཕུགས་ཀྱི་ཕན་ཡོན་ཆེན་པོ་ཡོད་པའི་ལམ་སྟོན་གནང་བའི་སྐོར་གཡུ་སྒྲོན་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང་།།གསར་འགོད་པ་གཡུ་སྒྲོན།