དཔལ་ནོར་བཟོ་ལས་ཚོང་གཉེར་ཁང་།


2018.08.09
དཔལ་ནོར་བཟོ་ལས་ཚོང་གཉེར་ཁང་། དཔལ་ནོར་བཟོ་ལས་ཚོང་གཉེར་ཁང་གི་དྲ་ཚིགས།
འདྲ་བཤུས།

བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། བཞུགས་སྒར་རྡ་རམ་ས་ལར་བོད་རིགས་གཞོན་སྐྱེས་དྲུག་གིས་བོད་མི་སྤྱིའི་དཔལ་འབྱོར་ཡར་རྒྱས་འགྲོ་བ་དང་།  བོད་པ་རང་གིས་བཟོས་པའི་ཐོན་རྫས་རྣམས་རྒྱལ་སྤྱིའི་ཁྲོམ་རྭར་བསླེབ་ཐུབ་པ་སོགས་སུ་དམིགས་ནས་དཔལ་ནོར་བཟོ་ལས་ཚོང་གཉེར་ཁང་ཞེས་པ་དང་། དྲ་ཐོག་ཕྱི་ཚོང་ལས་ཁང་དེའི་དྲ་བ་བཅས་སྒོ་འབྱེད་གནང་འདུག    འདི་ཐད་དཔལ་ནོར་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་ནོར་བུ་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་དང་།

ཡང་མི་རབས་གསར་པའི་ལེ་ཚན་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འཁྲོད་གསར་གཏོད་ཀྱི་ཚོང་ལས་ལ་དམིགས་སྟེ་དཔལ་ནོར་བཟོ་ཚོང་ཁང་ཞེས་པས་དྲ་ཐོག་ཚོང་འབྲེལ་གྱི་ལས་གཞི་གསར་པའི་སྐོར་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་སྒྲིག་ཞུས་པ་བཅས་གསན་རོགས་གནང་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎