རྒྱ་གར་གཞུང་མང་ལ་ཐུགས་རྗེ་བཀའ་དྲིན་གྱི་མཛད་སྒོ།

བཙན་བྱོལ་བོད་གཞུང་གིས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་བཀའ་དྲིན་ཞུས་པའི་མཛད་སྒོ་དང་འབྲེལ་བའི་གནས་ཚུལ།

2009.04.06

གསར་འགྱུར་གསན་རོགས་གནང་།

༄༅༎དེ་རིང་གི་གཏམ་གླེང་ཞལ་པར་ཞེས་པའི་ལེ་ཚན་ནང་དུ་རྒྱ་གར་གཞུང་མང་གཉིས་ནས་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་མི་རྣམས་ལ་གཅེས་སྐྱོང་དང་མཐུན་འགྱུར་རོགས་རམ་གནང་བར་བཀའ་དྲིན་རྗེ་དྲན་མཚོན་ཆེད་ཕྱི་ཟླ་སུམ་པའི་ཚེས་ཉི་ཤུ་རྩ་དྲུག་ནས་སོ་གཅིག་བར་ཉིན་དྲུག་རིང་རྒྱ་གར་རྒྱལ་ས་ལྡི་ལི་ནང་ཡོད་པའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འགྲེམས་སྤེལ་སྐབས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱངས་གནང་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བཀའ་དྲིན་ཞུས་ཡོད་པའི་སྐོར་སྒྲོལ་དཀར་ལགས་ཀྱིས་འགར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་དང་མཉམ་དུ་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་༎

 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎