རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གནས་སྟངས་ཛ་དྲག་ཡོད་པ།
བོད་ནང་གི་ཚོང་པ་གྲགས་ཅན་རྡོ་རྗེ་བཀྲ་ཤིས་ལགས་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་ད་ཆ་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཡོད་པའི་གནས་ཚུལ།
- 2021-08-18
-
-
-
Your browser doesn’t support HTML5 audio
གསར་འགྱུར་དཔྱད་གཏམ་གྱི་ལེ་ཚན་ནང་།རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་ཚོང་ལས་སྡེ་ཚན་ཐོག་ལ་སྔར་བས་དམ་དྲག་ཆེ་རུ་གཏོང་རྒྱུའི་སྒྲིག་གཞི་སྤྱི་བསྒྲགས་བྱས་པ་ལྟར་། བོད་ནང་ལའང་བོད་ཀྱི་མ་ཕམ་གཡུ་མཚོའི་ཁེ་ལས་ཚོང་གཉེར་ལས་ཁང་གསར་བཙུགས་གནང་མཁན་དང་ལྷ་ས་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་པའི་ལྷ་སའི་གྲགས་ཆེ་བའི་ཚོང་པ་འབྱོར་ལྡན་པ་རྡོ་རྗེ་བཀྲ་ཤིས་ལགས་སུ་ཚེ་བཙོན་གྱི་ཉེས་ཆད་བཏང་བ་མ་ཟད་།སྡུག་སྦྱོང་མནར་གཅོད་བཏང་སྟེ་ད་ཆ་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཡོད་པ་དང་།་༢༠༠༨ ལོར་ཁོང་འདྲི་ཞིབ་ཁང་དུ་སྡུག་སྦྱོང་མནར་གཅོད་བཏང་ཡུལ་གྱི་ལས་ཁུངས་ཀྱི་མིང་དང་མི་སུ་ཡིན་མིན་སོགས་ཀྱི་ཁ་གསལ་གྱི་གནས་ཚུལ་གསར་པ་ཕྱི་ཕྱོགས་སུ་ཤེས་རྟོགས་བྱུང་བའི་སྐོར་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་དོན་ཉམས་ཞིབ་པ་བསྟན་འཛིན་ནོར་རྒྱས་ལགས་ཀྱིས་ངོ་སྤྲོད་གནང་བ་ཞིག་གཡུ་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་བར་གསན་རོགས་ཞུ།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།