བོད་ནང་སློ་གཞོན་སྐྱེས་ཚོར་བསམ་བློའི་སློབ་གསོ་རྒྱབ་སའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ།
2021.07.10

གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། ལོ་གཅིག་གོང་བཙན་བྱོལ་དུ་ཕེབས་པའི་བོད་མི་ཚེ་རིང་ཟླ་བ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་སློབ་གསོ་བསྐྱར་མ་ཟེར་བའི་བོད་མི་ཚོ་དང་ལྷག་པར་དུ་གཞོན་སྐྱེས་ཚོར་བསམ་བློའི་སློབ་གསོ་རྒྱབ་སའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་བ་སོགས་ཀྱིས་ཁོང་དང་ཁོང་གི་སྐྱེས་མའི་དངུལ་ཁང་གི་རྩིས་ཕྲའི་མ་དངུལ་བཀག་སྡོམ་བྱས་ཡོད་ཅིང་། དེའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་དབར་འབྲེལ་ལམ་དང་ལྷག་པར་དུ་དངུལ་གྱི་འབྲེལ་བ་བྱ་རྒྱུར་དམ་དྲག་ཧ་ཅང་ནན་པོ་བྱེད་ཀྱི་ཡོད་པའི་སྐོར་འཆི་མེད་ལགས་ནས་སྙན་སྒྲོན་ཞུས་གནང་བར་གསན་རོགས།།