(Meta) ཡིས་འདོན་སྤེལ་བྱས་པའི་སྙན་ཐོའི་ཐད་གླེང་མོལ།

ད་ལྟ་ནི་སྤྱི་ཚོགས་དྲྭ་རྒྱའི་དུས་རབས་ཤིག་ཡིན་ཞིང་། བོད་པའི་སྤྱི་ཚོགས་ནང་དུའང་བོད་མི་རྒན་གཞོན་བར་གསུམ་གྱིས་ངོ་དེབ་སོགས་སྤྱི་ཚོགས་དྲྭ་ལམ་སྣ་མང་བརྒྱུད། གནས་ཚུལ་འདྲ་མིན་རྒྱུས་ལོན་གནང་གི་ཡོད་པ་ལྟར། ཉེ་ལམ་མེ་ཊས་འདོན་སྤེལ་བྱས་པའི་སྙན་ཐོའི་ནང་རྒྱ་ནག་གིས་ངོ་དེབ་སོགས་དྲྭ་གནས་རྫུན་བཟོས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མི་རྣམས་ལ་སྐྱོན་བརྗོད་དང་དཀྲོག་གཏམ་སྤེལ་བཞིན་ཡོད་པ་ཐེར་འདོན་བྱས་ཡོད་པས། ཐེངས་འདིའི་གླེང་མོལ་གྱི་ལེ་ཚན་ནང་། བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་གློག་ཀླད་ཚན་པའི་དྲྭ་རྒྱའི་བདེ་འཇག་དོ་དམ་པ་བསམ་གྲུབ་ཆོས་འཕེལ་ལགས་རྣམ་གཉིས་དང་ལྷན་དྲྭ་ཐོག་བདེ་འཇགས་དང་དེ་འབྲེལ་གྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཐད་བདེ་ཆེན་དབང་མོ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས་གནང་། Host: Dickey Kundol Producer: Tenzin Woser