ཁ་ཐ་ལོ་ནེ་ཡའི་རང་བཙན་གྱི་གནས་བབས།
ཁ་ཐ་ལོ་ནེ་ཡ་(Catalonia)མངའ་སྡེའི་མི་མང་གིས་ས་ཁུལ་དེ་སེ་པེན་རྒྱལ་ཁབ་ནས་ལོགས་སུ་ཐོན་ནས་རང་བཙན་བྱེད་མིན་འོས་ཤོག་འཕངས་སྐབས་རྒྱལ་ཁ་ཐོབ་འདུག
-
2017-10-20 -
-
-
ཁ་ཐ་ལོ་ནེ་ཡ་(Catalonia)རང་བཙན་འཐབ་རྩོད་པ་ཞིག་ནས་ཁ་ཐ་ལོ་ནེ་ཡ་རང་བཙན་གྱི་རྒྱལ་དར་འཁྱེར་ནས་སེ་པེན་དབུས་གཞུང་གི་ལས་ཁུངས་ཨ་མའི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
རོཡ་ཊརས་གསར་ཁང་།
Your browser doesn’t support HTML5 audio
༄༅། །གངས་ལྗོངས་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། ཉེ་ལམ་སེ་པེན་(Spain)རྒྱལ་ཁབ་ཀྱི་ཁ་ཐ་ལོ་ནེ་ཡ་(Catalonia)མངའ་སྡེའི་མི་མང་གིས་ས་ཁུལ་དེ་སེ་པེན་རྒྱལ་ཁབ་ནས་ལོགས་སུ་ཐོན་ནས་རང་བཙན་བྱེད་མིན་འོས་ཤོག་འཕངས་ནས་རང་བཙན་འདོད་མཁན་ལ་རྒྱལ་ཁ་ཐོབ་ཡོད་ནའང་། མངའ་ཁུལ་དེའི་སྲིད་འཛིན་གྱིས་རང་བཙན་གསལ་བསྒྲགས་བྱེད་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་དང་། ཁ་ཐ་ལོ་ནེ་ཡ་མངའ་སྡེའི་རང་བཙན་ལས་འགུལ་ལས་བོད་དོན་འཐབ་རྩོད་ལ་བསླབ་བྱ་ག་རེ་ལེན་རྒྱུ་ཡོད་མེད་སོགས་ཀྱི་ཐད་བོད་མི་མང་ཡོ་རོབ་སྤྱི་འཐུས་དབང་ཆེན་ལགས་དང་། སེ་པེན་ནང་གནས་བཞུགས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་གཉིས་དང་མཉམ་དུ་གླེང་མོལ་ཞུས་པ་གསན་རོགས་གནང་།
གསར་འགོད་པ་དཔལ་ལྡན་རྒྱལ།