བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར།
༄༅།། ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་གཞི་ནི། ཨ་མེ་རི་ཀའི་གྲོས་ཚོགས་འོག་མར་ཉེ་ལམ་བཏོན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་ཞེས་པའི་བྱུང་ལུགས་འབྱུང་སྟངས་དང་། ཁྲིམས་འཆར་དེར་གསལ་བའི་བོད་དོན་ནི་ད་དུང་ཡང་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ཐག་གཅོད་ཐུབ་མེད་པའི་གནད་དོན་ཞིག་ལ་ངོས་འཛིན་བྱས་པར་དགེ་མཚན་ཅི་ཞིག་ཡོད་པ་དང་། དེ་བཞིན་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཞེས་པའི་འགྲོ་བ་མི་ཐུན་མོང་ལ་ཡོད་པའི་ཐོབ་ཐང་དེ་དུས་ནམ་ཞིག་ལ་བྱུང་བ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་དེ་ཁས་ལེན་བྱས་ཡོད་མེད། གཞན་བོད་གཞུང་དམངས་གཉིས་ཀར་གོ་སྐབས་དམ་འཛིན་བྱེད་རྒྱུ་ཅི་ཞིག་ཡོད་པ་དང་། ང་ཚོས་རྣམ་འགྱུར་ཅི་ཞིག་འཛིན་དགོས་པ་སོགས་ཀྱི་ཐད། བོད་དོན་ཉམས་ཞིབ་པ་སྐུ་ཞབས་ལྷ་སྡེ་གནམ་ལོ་ཡག་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།