གསར་འགྱུར་ཡིག་ཚགས།
2012-08-28
བཀའ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་རིང་མིན་ཕྱི་ཚེས་༣༠ཉིན་དེ་ར་དུན་བོད་མིའི་གཞིས་ཆགས་སུ་ཆིབས་བསྒྱུར་གནང་རྒྱུ་རེད་འདུག
2012-08-27
ཁམས་དཀར་མཛེས་རྫོང་ཐོག་ཏུ་བཙུན་མ་བཤད་སྒྲུབ་ལྷ་མོས་རྒྱ་ནག་ལ་ངོ་རྒོལ་སྤེལ་བར་བརྟེན་ཁོང་འཛིན་བཟུང་བྱས་པ།
2012-08-24
རྒྱ་ནག་གཞུང་ནས་གང་བྱུང་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས། བོད་ཀྱི་རང་བྱུང་ཁོར་ཡུག་ལ་འཚབ་ཆེའི་གནོད་འཚེ་གཏོང་གི་ཡོད་པས་མ་ཚད། ཡུལ་མིའི་འཚོ་བར་དོ་ཕོགས་གཏོང་གི་ཡོད།
2012-08-24
མ་སུ་རི་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་དུས་ཆེན་མཛད་སྒོའི་ཐོག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གནང་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཕྱོགས་སྒྲིག་ཞུས་པ།
2012-08-23
བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་ད་བར་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་དང་། ཉེ་བའི་འཆར་ཚོགས་པ་དེས་དྲ་རྒྱའི་ཐོག་ནད་འབུ་འགོག་ཐབས་ཀྱི་སློབ་གསོའི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།
2012-08-23
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ད་བར་དུས་ཡུན་ཟླ་གཅིག་ལྷག་ཙམ་རིང་གི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྐབས་རྒྱ་གར་མང་ཚོགས་དང་བོད་མི་ཚོས་མཉམ་ཞུགས་གང་ལེགས་གནང་བར་སྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
2012-08-23
བོད་ནང་གི་གཉན་འཕྲང་ཅན་གྱི་དུས་སྐབས་དེར་བོད་མི་ཚོར་བོད་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་སོགས་ཀྱི་ལས་འགུལ་སྤེལ་བཞིན་འདུག
2012-08-22
ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་ཁུལ་དེར་ཡོད་པའི་རྒྱ་གར་དང་བོད་པའི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྐོར་ལ་ངོ་སྤྲོད་གནང་འདུག
2012-08-22
ཤེས་རིག་ལས་ཁུངས་ཀྱི་འདུན་ལམ་སློབ་སྟོན་པ་སྒྲོལ་དཀར་ལགས་ནས་བོད་ཕྲུག་གི་ནང་ཤེས་ཡོན་ཡོད་ཀྱང་། བོད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་མེད་མཁན་དེ་འདྲ་ཡང་ཡོད་དུས། བཟང་སྤྱོད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
2012-08-22
བོད་ནས་ཉེ་ཆར་གསར་དུ་འབྱོར་བ་ཞིག་གིས་ང་ཚོ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བ་གཞིར་བཟུང་བྱས་ན། ཕྱི་ཕྱོགས་སུ་འགྲོ་ཚད་ལ་ངོ་སྤྲོད་ལག་འཁྱེར་བསྟན་དགོས་ཀྱི་འདུག་གསུངས་སོང་།
2012-08-21
བཀའ་བློན་ཁྲི་པ་མཆོག་གིས་ཁ་སང་ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་བའི་གསར་འགོད་ལྷན་ཚོགས་སྐབས། བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
2012-08-16
བོད་ནང་རང་ལུས་མེར་སྲེག་གིས་ལས་འགུལ་སྤེལ་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་པོན་ཊ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ནས་སྨོན་ལམ་མཆོད་འབུལ་དང་མར་མེའི་ཁྲོམ་སྐོར།
2012-08-16
རྒྱ་གར་དབྱིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ནས་མི་ལོ་༦༥ ཧྲིལ་པོ་འཁོར་པའི་གཞུང་འབྲེལ་གྱི་མཛད་སྒོ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རྙིང་པའི་ཕོ་བྲང་མོའི་ནང་གོ་སྒྲིག་ཞུས་འདུག
2012-08-14
ཁ་སང་ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱེད་པའི་ས་རཱ་བོད་ཀྱི་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༤ འཁོར་བའི་དུས་ཆེན་མཛད་སྒོ་གནང་ཡོད་པ་དང།་སྐབས་དེར་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་པ་མཆོག་ཕེབས་ཡོད་པ་རེད།
2012-08-14
གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕྱི་ཟླ་༩ ཚེས་༣ ནས་དབུ་འཛུགས་ཀྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། དེ་ནི་བོད་ནང་རང་ལུས་མེར་སྲེག་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་རེད་འདུག