གསར་འགྱུར་ཡིག་ཚགས།
2024-12-18
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་ད་ཆ་སྐུའི་འཕྲོད་བཞེས་དྭངས་སྐྱེད་ཡག་པོ་དང་སྐུའི་ནུས་ཤུགས་རྒྱས་ཡོད་པ་༧གོང་ས་མཆོག་དང་ཡུན་རིང་ཐུགས་འདྲིས་ཆེ་བའི་ཨ་རིའི་ཕྱི་ལུགས་སྨན་པ་ཛོར་བྷ་ པསི་ཊར་ (Zorba Paster) ལགས་ཀྱིས་གསུངས་བྱུང་།