གསར་འགྱུར་ཡིག་ཚགས།
2023-09-20
བོད་ཀྱི་ཆོས་དང་རིག་གཞུང་ནི་འཛམ་གླིང་ཡོངས་ལ་དགོས་མཁོ་ཆེ་བའི་སྤྱི་ནོར་ཡིན་པས་བོད་མི་ན་གཞོན་ཚོས་བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་ལ་དོ་སྣང་བྱེད་རྒྱུ་གལ་ཆེ་བ་༧གོང་ས་མཆོག་གིས་མང་ཚོགས་ལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
2023-09-19
ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་གི་གྲོང་ཁྱེར་ཆེ་ཤོས་མི་ནི་ཡ་པོ་ལིསི་གྲོང་ཁྱེར་སྤྱི་ཁྱབ་པས་ཕྱི་ཟླ་༩་བའི་ཚེས་༡༦་ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཉིན་མོར་སྲུང་བརྩི་ཞུས་པ་གཞུང་འབྲེལ་གསལ་བསྒྲགས་སྤེལ་འདུག
2023-09-16
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་དུས་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་པའི་སྐབས་བླང་དོར་བཀའ་སློབ་གནང་སྐབས་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་དང་ཞི་བདེ་ཡོང་རྒྱུ་འདི་ང་ཚོ་ཚང་མའི་ལས་འགན་ཆགས་ཡོད་པ་སོགས་བཀའ་སློབ་གནང་པ་ཁག་ཕྱོགས་བསྡུས་ཞུས་པ།
2023-09-15
རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་དམངས་གཉིས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་པའི་རྟེན་གྱི་ཚུལ་དུ་མོན་རྟ་དབང་ནང་རྒྱལ་བའི་ཕོ་བྲང་གསར་བཞེངས་གནང་ཡོད་འདུག
2023-09-14
རྒྱལ་བའི་བཀའ་བཞིན་སྒྲུབ་ནི།བཟང་པོའི་སྤྱོད་པ་འཇུག་སྟེ་མི་ཚེ་དོན་ལྡན་པ་བྱ་རྒྱུ་ཡིན་པ།
2023-09-08
ཨ་རིའི་ནིའུ་ཡོག་མངའ་སྡེའི་ཨི་ཐ་ཁ་གྲོང་ཁྱེར་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དཔེ་མཛོད་ཁང་དང་ཤེས་ཡོན་བསྟི་གནས་ཁང་དབུ་འབྱེད་གནང་སོང་།
2023-09-08
ནང་སེམས་ཀྱི་ཞི་བདེ་སྣང་མེད་དུ་བཏང་ནས་ཕྱིའི་གོ་མཚོན་བཀག་བསྡོམ་བྱས་པ་ཙམ་གྱིས་ཞི་བདེ་ཡོང་གི་མེད་ཅེས་༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ཐོག་དྲྭ་བརྙན་བརྒྱུད་བཀའ་བསྩལ་འདུག
2023-09-07
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་བདེ་སྐྱིད་ཡོང་བའི་གཞི་རྩ་ཡིན་ཞེས་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་གཙོ་བོ་འགྱུར་བའི་ཆོས་ཞུ་བར་བཀའ་གནང་ཡོད་པ།
2023-09-07
སངས་རྒྱས་ཀྱི་ལུང་རྟོགས་ཀྱི་ཆོས་གཉིས་པོ་དེ་བཤད་སྒྲུབ་ཁོ་ནའི་ཐོག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ལས་གཞན་མེད་པ་༧གོང་ས་མཆོག་གིས་ཝེཌ་ནམ་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་དམིགས་བསལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
2023-08-26
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་མཛད་འཕྲིན་ཁག་ཅིག་བསྐྱངས་གནང་ཡོད་པའི་ཁོངས་ནས་ལ་དྭགས་གཤམ་མཁར་རྩེར་ནང་ཆོས་ངོ་སྤྲོད་དང་ཚེ་དབང་གནང་སྐབས་མི་ཚེ་རིང་པོ་བསྡད་པ་འདི་དོན་སྙིང་ལྡན་པ་ཞིག་དགོས་པ་དང་། སྐྱོན་ཚང་མ་རང་གཅེས་འཛིན་ཐོག་ནས་ཡོང་གི་ཡོད་དུས་གཞན་གཅེས་འཛིན་གྱི་ཡོན་ཏན་མཐོང་ཐུབ་པ་དགོས་སྐོར།
2023-08-24
ལ་དྭགས་ཁ་ཆེའི་མཐུན་ཚོགས་ཀྱིས་གསོལ་ཚིགས་འབུལ་ལམ་ཞུ་སྐབས་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་གནང་ཡོད་པ།
2023-08-23
ཨ་རིའི་ཀ་ལི་ཕོར་ནི་ཡ་མངའ་སྡེའི་ Contra Costa རྫོང་གི་ལས་ཁུངས་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཚིགས་དེ་བཞིན་མ་འོངས་པར་ཞི་བདེ་དང་དྲང་བདེན་གྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གྲོས་ཆོད་དང་བསྒྲགས་གཏམ་སྤེལ་ཡོད།
2023-08-15
སྤྱི་ནོར་༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་པོད་བཞི་པ་དབྱིན་ཡིག་ནང་པར་བསྐྲུན་ལེགས་འགྲུབ་ཀྱིས་དངོས་སུ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག
2023-08-14
ཕྱི་དངོས་པོ་གཅིག་པུས་ནང་སེམས་ཀྱི་ཞི་བདེ་ཡོང་ཐབས་མེད་པ་དང་། བྱམས་སྙིང་རྗེ་ལྡན་པ་དང་བརྩེ་བ་ཡོད་ན་ཡ་རབས་ཡོང་རྒྱུ་ཡིན།
2023-08-11
བར་སྐབས་ང་ཚོས་དཀའ་ངལ་མང་པོ་མྱངས་ཡོད་ཀྱང་རིམ་པས་བདེན་པའི་མཐའ་སེལ་རྒྱུ་ཡིན་པ་༧གོང་ས་མཆོག་གིས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམས་ལ་བཀའ་བསྩལ་བ།