གསར་འགྱུར་ཡིག་ཚགས།
2025-01-11
ཨ་མི་རི་ཀའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་ ཨཛ་ར་ཛེ་ཡ་ མཆོག་གིས་ལས་གནས་ནས་ཕེབས་ཞུ་འབུལ་སྐབས་ཨ་མི་རི་ཀས་བོད་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
2025-01-10
དགེ་རྒན་རྣམས་ནས་རང་གི་སློབ་ཚན་ལ་བྱང་པ་ཙམ་དུ་མ་ཟད་སློབ་ཚན་དེ་དག་བོད་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་ཐུབ་དགོས་གལ་ཆེ་བ་ཡིན་ཞེས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་གསུངས་པ།
2025-01-09
༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ནས་༸གོང་ས་མཆོག་གི་བཀའ་བཞིན་བསྒྲུབ་དགོས་པའི་ལམ་སྟོན་གནང་འདུག
2025-01-09
ཨ་རིའི་Rochester སློབ་ཆེན་དུ་སློབ་གཉེར་གནང་བཞིན་པ་བོད་པའི་གཞོན་སྐྱེས་བསྟན་འཛིན་དབང་མོ་ལགས་ཀྱིས་གོ་སྐབས་ནམ་བྱུང་ལ་མཐོ་སློབ་ནང་རྒྱལ་ཁབ་མང་པོའི་སློབ་མའི་ཁྲོད་བོད་མིའི་སྐུ་ཚབ་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། བོད་མིའི་ཆབ་སྲིད་ཀྱི་གནས་བབ་བཅས་ངོ་སྤྲོད་གནང་གི་ཡོད་པ་གསུངས་བྱུང་།
2025-01-09
ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་མཇུག་སྡོམ་མཛད་སྒོའི་ཐོག རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་ཤེས་ཡོན་སློབ་གསོའི་སྲིད་བྱུས་ལ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་འདུག
2025-01-09
བཞུགས་སྒར་དུ་བོད་ནང་དུ་ས་ཡོམ་གྱི་གོད་ཆགས་རྐྱེན་གནོད་འཚེ་ཕོག་མཁན་རྣམས་ཀྱི་ཆེད་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གནང་བ།
2025-01-08
བོད་ཀྱི་བླ་ཆེན་རྣམ་པས་བོད་ལ་སྟོད་དིང་རིར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་པར་བསྔོ་བ་སྨོན་ལམ་གནང་འདུག
2025-01-08
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱིས་འཇར་མན་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་དང་བོད་ནང་གི་ས་ཡོམ་གོད་ཆགས་ཐད་ཐུགས་གསོ་གནང་སོང་།
2025-01-08
བོད་ཀྱི་སྟོད་དིང་རི་རྫོང་ཁོངས་དང་ཉེ་འཁོར་ས་གནས་སུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་གྲངས་ ༡༢༦ རྐྱེན་ལམ་དུ་ཤོར་བ་ཚོར་དམིཊ་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་མཆོད་འབུལ་སྨོན་ལམ་གནང་ཡོད་པ།
2025-01-08
བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུར་བསམ་བློ་གཉིས་པ་གཏོང་དགོས་ཐུག་ཡོད།
2025-01-07
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་པའི་སློབ་མ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་དཀའ་ངལ་སོགས་གྲོས་གཞི་བཞིའི་ཐོག་གྲོས་བསྡུར་གནང་བཞིན་འདུག
2025-01-07
རྒྱ་ནག་གི་སྐུ་ཚབ་ལ་ཁག་གཏད་གདོང་ལེན་དངོས་སུ་གནང་བ་མ་ཟད་བོད་ནང་གི་ཛ་དྲག་གི་གནས་སྟངས་མང་པོའི་ཐོག་གླེང་སློང་གནང་བ།
2025-01-07
འཇམ་མགོན་རྒྱལ་བའི་༧རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། ཤར་རྩེ་ཆོས་རྗེར་ཕྱག་རྟགས་ཕེབས་པ་སེར་སྨད་མཁན་ཟུར་རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་མཇལ་ཞུས་འདུག
2025-01-07
སྲིད་འཛིན་ཟུར་པ་འཇི་མི་ཁཱ་ཊར་མཆོག་ནི་ ༡༩༧༩ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་ཐོག་མར་མཛད་སྐབས་སུ་སྲིད་འཛིན་གྱི་ཐུགས་འགན་བཞེས་ཡོད་པ་རེད།
2025-01-07
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། ས་ཡོམ་གྱི་གནས་ཚུལ་དེ་དེ་རིང་སྔ་དྲོ་ནས་ཤེས་རྟོགས་བྱུང་སོང་བ་དང་། ང་ཚོས་ངོས་ནས་མུ་མཐུད་གནས་སྟངས་ག་འདྲ་བྱུང་མིན་ཐད་དོ་སྣང་བྱས་བསྡད་ཡོད་ལ། ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། སང་ཉིན་བོད་མིའི་སྒྲིག་འཛུགས་ནས་བཞུགས་སྒར་གཙུག་ལག་ཁང་དུ། ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་དང་གནོད་འཚེ་ཕོག་མཁན་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞུ་འཆར་ཡོད་ཅེས་གསུངས་སོང་།