གསར་འགྱུར་ཡིག་ཚགས།
2024-07-01
གཞོན་སྐྱེས་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཅི་མང་ལ་རྒྱུས་ལོན་གནང་ཐུབ་ན་བོད་ཀྱི་རྩ་དོན་ལའང་ཕན་ཐོགས་འབྱུང་གི་རེད་ཅེས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བོད་རིགས་ན་གཞོན་འདུ་འཛོམས་ཐོག་གསུངས་སོང་།
2024-07-01
ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བརྒྱུད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་དད་དམ་གཡོ་མེད་ཀྱིས་འཚམས་འདྲི་ཞུས་ཡོད་འདུག
2024-06-28
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་འགྲུབ་བྱུང་ཡོད་པ་དང་འཛམ་གླིང་གི་ས་གནས་གང་སར་ཞབས་རིམ་གསོག་སྒྲུབ་གནང་བཞིན་འདུག
2024-06-27
བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལམ་ལྷོང་ཡོང་བའི་གསོལ་འདེབས་དང་། སྨན་བླའི་གཟུངས་སྔགས་སོགས་ཞབས་རིམ་གསོག་སྒྲུབ་གནང་བཞིན་ཡོད་འདུག
2024-06-27
ཉི་མ་རྡོ་རྗེ་ལགས་སུ་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་ལ་ཆེ་བསྟོད་ཞུ་བའི་ཁེ་ཎ་ཌའི་ནང་གི་རྒྱལ་ཡོངས་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་གྲས་ཤིག་ཐོབ་འདུག
2024-06-26
རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་སྔར་ལྷག་དམ་དྲག་བྱེད་བཞིན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་ཐེར་འདོན་གནང་འདུག
2024-06-26
ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་མིན་ད་ལྟའི་ཆར་གཏན་འཁེལ་མེད་པ་དང་ཨ་རི་གཞུང་གི་ངོས་ནས་༧གོང་ས་མཆོག་གི་སྐུའི་སྲུང་བྱ་སོགས་ལ་མཐུན་འགྱུར་ཡག་པོ་གནང་བཞིན་ཡོད་འདུག
2024-06-26
བོད་ཀྱི་ཆབ་སྲིད་བཙོན་ཟུར་བྱ་དོར་ཕུན་ཚོགས་དབང་ཕྱུག་ལགས་ཨ་མི་རི་ཀ་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་ཁོང་བཙོན་འཇུག་སྐབས་རྒྱ་ནག་གིས་མནར་གཅོད་ཚབས་ཆེན་བཏང་རྐྱེན་རང་ཤི་སྐྱོན་རྩིས་གནང་མྱོང་ཡོད་འདུག
2024-06-26
༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལ་དྭགས་ཁུལ་གྱི་སློབ་གྲྭའི་དགེ་རྒན་༤༠༠ལྷག་ལ་དགེ་རྒན་གྱི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བའི་སྐོར།
2024-06-25
འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Prem Singh Tamang) ཪམཆོག་གིས་སྒང་ཏོག་ཁུལ་གྱི་བོད་པའི་སློབ་ཕྲུག་༤༠ཙམ་ལ་བཞུགས་སྒར་རྡ་རམ་ས་ལར་ཤེས་ཡོན་སྐོར་བསྐྱོད་ཆེད་དུ་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པའི་སྐོར།
2024-06-25
ཕུན་ཚོགས་ལགས་ཀྱིས་ལྕགས་ཀྱི་ཁང་པའི་སྒོ་དང་སྒེའུ་ཁུང་། དེ་བཞིན་ལྕགས་ཤོག་སོགས་ཀྱི་བཟོ་ཚོང་ལས་ཁང་སྟེ་དཔལ་འབྱོར་འཕེལ་རྒྱས་ཁང་ཞེས་པ་ཞིག་གསར་འཛུགས་གནང་ཡོད་པ།
2024-06-25
བོད་མི་བཙན་བྱོལ་དུ་ཡོང་མཁན་ལ་རོགས་རམ་བྱས་པའི་ཉེས་འཛུགས་འོག་བལ་ཡུལ་གྱི་མི་སེར་གཉིས་རྒྱ་ནག་གིས་བཀག་ཉར་བྱེད་བཞིན་པ་གློད་བཀྲོལ་ཡོང་རྒྱུར་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་རོགས་རམ་གནང་རྒྱུ་བལ་ཡུལ་གྱིས་ཐབས་ལམ་འཚོལ་བཞིན་ཡོད་འདུག
2024-06-25
ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་ཨུ་རུ་སུའི་ནང་ཕེབས་ཏེ་དབང་ལུང་བཀའ་ཆོས་གནང་བ་དང་གནད་ཡོད་མི་སྣ་ལ་མཇལ་འཕྲད་བཅས་གནང་ཡོད་འདུག
2024-06-24
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་ད་ལྟའི་ཆར་སྐུའི་ཞབས་པུས་སྨན་བཅོས་གནང་རྒྱུ་ལས་གཞན་མཛད་འཆར་གང་ཡང་མེད་པ་རེད་འདུག
2024-06-24
ཡོ་རོབ་མཐུན་ཚོགས་སྐུ་ཚབ་ཚོགས་ཆུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་ཉིང་ཁྲིར་གཟིགས་སྐོར་གནང་བ་དང་རྒྱ་ནག་གི་སྐུ་ཚབ་དང་མཉམ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་བ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ལན་འདེབས་གནང་བྱུང་།